མཚོ་སྔོན་གྱི་ལོ་གསར་བའི་ཁ་བ་ཐེངས་དང་པོ་ན་ནིང་ལས་ཅུང་སྔ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས6ཉིན་ནི་དུས་རྟགས་ཉེར་བཞིའི་ནང་གི་གྲང་ངར་ཆུང་བ་ཡིན་ལ། དེའི་ཉིན་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར2020ལོའི་ཁ་བ་ཐོག་མ་བབས། ཞིང་ཆེན་གནམ་གཤིས་ལྟེ་གནས་གནམ་གཤིས་ལྟ་ཞིབ་ཚད་ལེན་ཞབས་ཞུ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོའི་ཟླ1པོའི་ཁ་བ་བབས་ཉིན་ནིི་ཚེས8ཉིན་ཡིན་པ་དང་། 2020ལོར་ན་ནིང་ལས་ཉིན་གཉིས་ཀྱིས་སྔ་ཡོད། 

ཞིང་ཆེན་གནམ་གཤིས་ཅུའུ་ཡི་གྲངས་གཞི་ལས་མངོན་པར། ཟླ1པོའི་ཚེས5ཉིན་གྱི་ཆུ་ཚོད8པ་ནས་ཟླ1པོའི་ཚེས6ཉིན་གྱི་ཆུ་ཚོད8པ་བར། ཞིང་ཆེན་ཡོངས་སུ་ཁ་བ་འབབ་ཚུལ་ལྟ་ཞིབ་ཚད་ལེན་ཐུབ་པའི་ཚད་ལེན་ས་ཚིགས184ཡོད་པའི་ནང་ཚད་ལེན་ས་ཚིགས122ཀྱིས་ཁ་བ་བབས་པ་ཚད་ལེན་ཐུབ་ཡོད། ཁ་བ་འབབ་པའི་ལྟེ་བ་ནང་ཆེན་རྫོང་འབྲོག་ཤོག་ཞང་སྲིད་གཞུང་དུ་གནས་ལ་ཆར་ཆུ་འབབ་ཚད་ཧའོ་སྨི6.8ཡིན། ཟི་ལིང་དུ་ཆུ་ཚོད24རིང་ཆར་ཆུ་འབབ་ཚད་ཧའོ་སྨི0.7ཟིན་པ་དང་ཁ་བའི་མཐུག་ཚད་ལི་སྨི1ཟིན་ཡོད། 

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཐེའེ་ཡི་སྔོན་བརྡ་གསར་ཤོས་ལྟར་ན། མཁའ་རླུང་གྲང་མོ་མཚོ་སྔོན་ནས་ཕྱིར་ཐོན་པ་དང་བསྟུན་ཟླ1པོའི་ཚེས7ནས་ཚེས8ཉིན་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བ་མཁའ་དབུགས་ཉམས་ཞན་དུ་གྱུར་ནས་གནམ་ཐང་བའམ་སྤྲིན་མང་བའི་ནམ་ཟླ་གཙོ་བོར་འབྱུང་ལ། ས་ཆ་སོ་སོའི་དྲོད་ཚད་རིམ་བཞིན་འཕར་རྒྱུ་རེད། གདང་ལ་རི་རྒྱུད་དུ་གཡོ་འགུལ་ཆུང་བའི་ཤུགས་རྐྱེན་ཐེབས་ནས་ཁ་ཐོར་རང་བཞིན་གྱི་ཁ་བ་འབབ་སྲིད་ལ། གནམ་གཤིས་འགྱུར་ལྡོག་དེར་གཞིགས་ནས་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཁག་གིས་གཏེར་ལེན་ཁ་དང་། མང་རྫོང་། འབའ་རྫོང་། ཁྲི་ཀ དགའ་བདེ། གཅིག་སྒྲིལ་སོགས་ས་ཆ་དུ་མར་བགྲོད་ལམ་དར་ཆགས་པའི་ཉེན་བརྡ་སེར་པོ་བཏང་།  །


རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།