མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་སོ་ལྔ་བ་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དང་པོའི་ཚེས་གསུམ་ཉིན།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་སོ་ལྔ་བ་ཟི་ལིང་ནས་བསྡུས་ཤིང་།ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པའི་གནས་ཚུལ་དང་།མི་དམངས་འཐུས་མིའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་བློ་བརྗེ་རེས་གྲོས་ཚོགས་ཀྱི་དགོངས་དོན།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་མཐར་ཕྱིན་བྱས་པ་ལས་གཞན།མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་གནད་ས་གཅིག་དང་འཆར་གཞི་གཉིས་ཀྱི་ཐབས་ཇུས་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་།ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ། ཀོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ། ཝུའུ་ཧེ་ཁོན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན།ཁྱོན་ཡོངས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་།སློབ་སྦྱོང་ལ་ཤུགས་སྣོན་དང་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ།བསམ་བློ་དང་བླང་བྱ་གཉིས་གཅིག་གྱུར་ཡོང་བར་བྱེད་པ་བཅས་ལ་འབད་དགོས། གསར་གཏོད་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ། མདུན་ཕྱོགས་སུ་བལྟས་ནས་སྔོན་ལ་སྐྱོད་པ།དམིགས་ཚད་ལ་དཔེ་སྡུར་བྱེད་པ་བཅས་ལ་འབད་དེ།ནན་ཏན་སྒོས་བསམ་གཞིགས་ཀྱི་འཆར་འགོད་ཇེ་མཐོར་གཏོང་བ་དང་བྱ་བར་ལེགས་བཅོས་ཆེན་པོ་གཏོང་དགོས།དུས་མཚུངས་སུ།དངོས་འབེབས་བྱ་བ་དམ་པོར་བཟུང་ནས།སེམས་ཞིབ་མོས་དངོས་འབེབས་ལོའི་བྱ་བར་རྩ་འཛུགས་ལེགས་པོ་བྱས་ཏེ།འགོ་བརྩམས་ཟིན་པའི་ལས་རིམ་ཁག་གི་ལམ་ལུགས་ཚང་མ་དངོས་འབེབས་དོན་གནས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།དེ་དང་ཆབས་ཅིག་རྒྱལ་ཡོངས་དམངས་ཆེན་ཁ་གཏད་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱབ་སྐྱོར་དེ་བས་མང་བ་བརྩོན་ལེན་བྱེད་དགོས།ནུས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས།དྲིལ་བསྒྲགས་དང་གནས་ཚུལ་ཁྱབ་སྒྲོག་གི་བྱ་བ་གཙོ་གནད་དུ་བཟུང་ནས་དམ་འཛིན་དང་། གཞི་རིམ་དུ་མཆེད་པར་བྱེད་པ། དོན་དངོས་དང་མཐུན་ཞིང་ཕྱི་རོལ་གྱི་ཆོས་ཉིད་དང་མཐུན་པ། དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་སྤེལ་བ་བཅས་བྱ་དགོས།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གཅིག་དང་འཆར་གཞི་གཉིས་ལ་གཞིགས་ནས་ལངས་གནས་མཐོ་རུ་གཏོང་བ་དང་། གནས་བབ་རྒྱ་ཆེར་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། མཐོང་རྒྱ་ཆེ་རུ་གཏོང་བ།ཡིད་ཆེས་ཆེ་རུ་གཏོང་བ།ལས་ཀའི་འཇུག་སྒོ་གནད་འཁེལ་འཚོལ་བ།ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས།དམངས་ཆེན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ལེགས་པོ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།