མཚོ་སྔོན་ཞིང་ཆེན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་ཡན་ལག་ཚོགས་པ་འཛུགས་པའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དང་པོའི་ཚེས་གསུམ་ཉིན།མཚོ་སྔོན་ཞིང་ཆེན་གྱི་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་ཡན་ལག་ཚོགས་པ་འཛུགས་པའི་གྲོས་ཚོགས་ཟི་ལིང་ནས་ཚོགས།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ།ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

མཐུན་འབྲེལ་ལྷན་ཚོགས་གསར་བ་བཙུགས་པ་དེས།རྒྱ་ཆེའི་སྤྱི་ཚོགས་རིམ་པ་གསར་བའི་མི་སྣ་བར་གྱི་བརྗེ་རེས་དང་སྦྱོང་བརྡར་འཚར་ལོངས་ཐད་སྟེགས་བུ་བཙུགས་ནས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པའི་ཐད་ལམ་བུ་གསར་བ་བཙུགས་པ་དང་།དུས་རབས་གསར་བའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ།རྒྱ་ཆེའི་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པ།མཉམ་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་ཐུབ།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཐུན་འབྲེལ་ལྷན་ཚོགས་གསར་བས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་འབུར་ཐོན་གོ་གནས་དང་ནུས་པ་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ།རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ།མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་བ་དང་།ཁྱད་ཆོས་ཆོས་ཉིད་ལ་དམིགས་ནས།མཐུན་འབྲེལ་ལྷན་ཚོགས་གསར་བའི་རང་སྟེང་གི་འཕེལ་རྒྱས་ནུས་པ་མཐོར་འདེགས་གཏོང་བ།ཐབས་མང་མཉམ་སྤྱད་བྱེད་པ།མཉམ་དུ་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ།ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་བ་བསྐྲུན་ནས།མཚོ་སྔོན་ཞིང་ཆེན་གྱི་ལྔ་བཞི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐད་མི་སེམས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།