ཡན་ཅིན་ཧེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཡན་ཅིན་ཧེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་གསུམ་ཞན་ཆ་ཁ་གསབ་བྱས་ཏེ་དུས་ལྟར་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་འགན་སྲུང་བྱེད་པའི་ལག་བསྟར་བསམ་འཆར་གྱི་གྲོས་བསྡུར་མ་ཡིག་དང་ཉིས་སྟོང་ཉི་ཤུ་ལོའི་ཞང་སྡེ་དར་སྤེལ་འཐབ་ཇུས་ཀྱི་ཞང་བརྒྱ་སྡེ་སྟོང་དཔེ་སྟོན་བཟོ་སྐྲུན་འགུལ་སྐྱོད་ཇུས་གཞི། ཉིས་སྟོང་ཉི་ཤུ་ལོར་ལས་བྱེད་པ་ཁྲི་སྟོང་མང་པོ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཞིང་དར་བྱས་རྗེས་འབུར་ཐོན་བཞག་པའི་ཚན་ཞིབ་ཁྱབ་གདལ་ཚོགས་པར་གཟེངས་བསྟོད་བྱེད་པའི་ཇུས་གཞི་བཅས་ལ་གྲོས་སྡུར་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་དང་ཞང་བརྒྱ་སྡེ་སྟོང་དཔེ་སྟོན་བཟོ་སྐྲུན་ཇུས་གཞི་ནི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་བྱ་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། ཞིང་གསུམ་ཞན་ཆ་ཁ་གསབ་བྱེད་པ་དང་དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་བཟང་བོ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་རྒྱུ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།