ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་གྲོང་ཁྱེར་དང་ཁུལ། ལས་བགོས་འགན་གཉེར་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁ་ཤས་བཅས་བསྡུ་འགུག་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱར་སློབ་སྦྱོང་བྱས་ནས། དགུན་དུས་དང་དཔྱིད་ཀར་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་དངོས་འབེབས་ཡོང་བར་བཀོད་སྒྲིག་བྱས་ཏེ། མིག་སྔར་དང་མ་འོངས་པའི་བྱ་བར་བླང་བྱ་མངོན་གསལ་བཏོན། ཁོས་ནན་གྱིས་བསྟན་དོན། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ལྟོ་གོས་གཏམ་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་དམངས་ཚིས་དང་འབྲེལ་བ་ཡོད་པ་དང་། དམངས་སེམས་དང་འབྲེལ་བ་ཡོད་པས་ན། དགུན་དཔྱིད་གཉིས་ཀྱི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན། ས་གནས་དང་སྡེ་ཚན་ཁག་སོ་སོས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་ཉར་རྒྱུ་དང་། འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཁོང་ཡུང་གིས་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་དགུན་དཔྱིད་འཚོ་བར་འགན་སྲུང་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་ནས་གཏམ་བཤད།