མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སོགས་ལས་ཁུངས་དྲུག་གིས་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་སྟེ་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ཆེད། 2019ལོའི་ཟླ12པའི་ཚེས30ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་སོགས་ལས་ཁུངས་དྲུག་དང་མཉམ་དུ་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པར་བྱེ་བྲག་གི་བྱེད་ཐབས་བཅུ་བཏོན།

བརྡ་ཐོའི་ནང་བསྟན་དོན། མས་སྐྱོར་འགན་སྲུང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་གཞི་རྩའི་འཚོ་གནས་ཁེ་དབང་གཙོ་ཐིག་ཏུ་བཟུང་སྟེ་ལས་ཁུངས་བར་གྱི་རོགས་ལས་ལ་ཤུགས་སྣོན་ཞིང་ཞབས་ཕྱིའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། ཞབས་ཕྱིའི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་ལ། སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་རང་ཁ་རང་གསོ་བྱེད་པ་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ་མཁར་གྲོང་གི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་མཉམ་དུ་ཕྱུག་སྒྱུར་བྱེད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་དགོས། གཅིག གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ལ་ཤུགས་སྣོན་རྒྱུ། གཉིས། གནས་སྐབས་ཀྱི་རྒུད་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ། གསུམ། དཀའ་ཁག་ཆེ་བའི་མི་སྣར་རྒུད་སྐྱོབ་གཉོར་སྐྱོང་བྱེད་པའི་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་རྒྱུ། བཞི། དབང་བོ་སྐྱོན་ཅན་གྱི་ཕན་བདེ་སྲིད་ཇུས་ལ་ཤུགས་སྣོན་རྒྱུ། ལྔ། སྨན་བཅོས་རྒུད་སྐྱོབ་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་རྒྱུ། དྲུག ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ། བདུན། སྡོད་ཁང་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། བརྒྱད། སློབ་གསོའི་རོགས་སྐྱོར་དང་རྩལ་ནུས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱུ། དགུ། རིགས་བགར་ཏེ་རིགས་སོ་སོའི་ཐོན་ཁུངས་རོགས་སྐྱོར་ནུས་པ་འདོན་སྤེལ་བྱེད་རྒྱུ། བཅུ། ལམ་ལུགས་སྣ་ཚོགས་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།