སྲུང་སྐར་གྱིས་མཚོ་སྔོན་པོར་“ཕྱི་མིག་ལྟ་བ”

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ་1ཚེས་1ཉིན། མཚོ་སྔོན་ཞིང་ཆེན་ས་གཤིས་རྟོག་ཞིབ་ཁང་གིས་ཕྱི་ཕྱོགས་སུ་རྒྱ་མཚོ་ཨང་དང་པོ་རྟགས་ཅན་སྲུང་སྐར་C(HY-1C)གྱི་བརྙན་པར་ཞིག་ཡོངས་བསྒྲགས་བྱས་ཏེ། 2019ལོའི་ལོ་འཁོར་གྱི་ཀྲུང་གོའི་སྐམ་སའི་ནང་ཁོངས་ཀྱི་ཚྭ་མཚོ་ཆེ་ཤོས་ཏེ་"ས་མཐོའི་ཕ་ལམ་སྔོན་པོ”ཡི་མཚན་སྙན་ཡོད་པའི་མཚོ་སྔོན་པོའི་དར་ཆགས་པའི་དུས་དང་དར་ཞིག་པའི་དུས་ཀྱི་“རྣམ་པ”སྟོན་ཡོད། རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་གསལ། དར་ཆགས་པའི་དུས་ཀྱི་མཚོ་སྔོན་པོ་ནི་གཡང་ཊི་རྩེག་པ་དང་འདྲ་ལ་།  དར་ཞིག་པའི་དུས་སུ་གཡང་ཊི་སྔོན་པོ་ཞིག་དང་མཚུངས་པས་མཚོ་སྔོན་ས་མཐོར་ཕྲ་བརྒྱན་བརྒྱབ་པ་བཞིན་གནས་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།