ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1པོའི་ཚེས་2ཉིན། “མཚོ་སྔོན་པོར་སྲུང་སྐྱོང་བྱེད་པར་ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་བ་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བཅས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། དྭངས་ཤིང་གཙང་བའི་རི་ཀླུང་ཐང་གསུམ་གྱི་རིན་ཐང་ལྡན་པའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། དང་བླངས་ཞབས་ཞུའི་ནང་དོན་གསར་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པའི་འགུལ་སྐྱོད་རྒྱ་ཁྱབ་ངང་སྤེལ་བ། དང་བླངས་ཞབས་ཞུའི་སྤུས་རྟགས་གསར་པ་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པར་རྣམ་པ་བཟང་པོ་གཏོད་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མཚོ་སྔོན་པོར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཚོ་སྔོན་གྱི་ཕྱི་ཕྱོགས་ཀྱི་སྣང་བརྙན་དང་འབྲེལ་བ་ཡོད་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། མཚོ་སྔོན་པོར་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “མཚོ་སྔོན་པོར་སྲུང་སྐྱོང་བྱེད་པར་ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་གྱིས་བླངས་པའི་གྲུབ་འབྲས་ལ་ལྟ་སྟངས་ཡག་པོ་འཛིན་པ། བློ་བརྟན་འགྱུར་མེད་ངང་མཚོ་སྔོན་པོར་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཕུགས་ཕན་ལམ་སྲོལ་ཆགས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཟབ་ཞུགས་རྒྱ་ཆེ་རུ་གཏོང་བ། དྲིལ་སྒྲོག་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་ཐུན་མོང་གིས་བསྐྲུན་དགོས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
“མཚོ་སྔོན་པོར་སྲུང་སྐྱོང་བྱེད་པར་ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ།