རྨ་འབྲི་རྫ་གསུམ་དུ་གནས་པའི་རི་སྐྱེས་སྲོག་ཆགས།

1.jpg

2.jpg

3.jpg

4.jpg

5.jpg

6.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། འབྲོག་པ་མང་ཚོགས་ཀྱིས་གྲུབ་པའི་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཁུངས་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ལྗང་མདོག་རྨ་འབྲི་རྫ་གསུམ་གསའ་ལྟ་ཞིབ་ཚད་ལེན་རུ་ཁག་གི་རུ་མིས་ཤྭ་བ་མཆུ་དཀར་ཁྱུ་དང་། སྤྱང་ཀི། གཉན། དགོ་བ་སོགས་རི་སྐྱེས་སྲོག་ཆགས་གང་སར་ཁྱབ་ཡོད་པ་པར་མིག་ལས་མཐོང་།  མཚོ་བོད་མཐོ་སྒང་དབུས་སུ་གནས་པའི་རྨ་འབྲི་རྫ་གསུམ་ས་ཁུལ་ནི་འཛམ་གླིང་སྟེང་རྒྱ་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ས་ཁུལ་ཞིག་ཡིན་ལ། གནས་དེ་རུ་གསའ་དང་། གཙོད། རྐྱང་། དགོ་བ། དྲེད་མོང་། གནའ་བ་བཅས་ནི་མཚོ་བོད་མཐོ་སྒང་དུ་གནས་བའི་རི་སྐྱེས་སྲོག་ཆགས་ཏག་ཏག་ཡིན་ཞིང་། མང་ཆེ་ཤས་འཛམ་གླིང་ཡོངས་སུ་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་གྲས་སུ་ཚུད་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།