མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཐེངས་དང་པོར་གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12པའི་ཚེས31ཉིན། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས2018ལོ་ནས་བཟུང་གསར་དུ་གོ་གནས་འཕར་བའི་འགོ་ཁྲིད་ལས་བྱེད་པ་དག་གིས་མཉམ་སྡེབ་སྒོས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། འདི་ནི་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཐེངས་དང་པོ་ཡིན། 

མཛད་སྒོའི་ཚོགས་རར་བབ་བརླིང་དང་བརྗིད་རྔམ་ལྡན་ལ། རྒྱལ་དར་དང་ཏང་རྟགས་ཀྱི་མདུན་དུ2018ལོ་ནས་བཟུང་གོ་གནས་གསར་དུ་འཕར་བའི་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ48ཀྱིས་མཉམ་དུ་རྒྱལ་གླུ་བླངས་ཤིང་གཟབ་ནན་ངང་ཞལ་བཞེས་གནང་ནས། རང་རྟོགས་ངང་ཁྲིམས་བཀུར་ཁྲིམས་སྲུང་ཁྲིམས་སྤྱོད་ཁྲིམས་བརྩི་བྱེད་པའི་ཆོད་སེམས་མཚོན་པར་བྱས། 

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཞིག་ཡིན་པ་དང་། རྩ་ཁྲིམས་དམ་བཅའ་འཇོག་པ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་རྒྱལ་ཁབ་ཀྱིས་དཀྲིས་པའི་འགན་འཁྲི་སྒྲུབ་པའི་མཛད་སྒོ་གལ་ཆེན་ཞིག་ཡིན་ལ། དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པའི་བློ་མཐུན་ཚང་མའི་བསམ་བློའི་ཉམས་སད་ཅིག་ཀྱང་ཡིན། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་གཏན་འགན་འཁྲི་སྒྲུབ་པའི་ཆེད་དུ་རེད། དེའི་ཐད། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་འམ་གཞུང་ལས་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཀྲང་ཧོང་ཡོན་གྱིས་དམ་བཅའ་འཇོག་པའི་མཛད་སྒོའི་ཐོགབསྟན་དོན། དམ་བཅའ་འཇོག་མཁན་ཚོས་ནམ་ཡང་དམ་ཚིག་བློ་ལ་བརྟན་པོ་ངེས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར་ཏན་ཏིག་སྒོས་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་གནས་གསར་བའི་ཐོག་འགན་འཁྲི་གསར་བ་རྒྱུ་དང་། གཟུགས་བརྙན་གསར་པ་མངོན་ཞིང་། གྲུབ་འབྲས་གསར་པ་གཏོད་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན་དུ་འགྱུར་རྒྱུར་བརྩོན་ལེན་བྱེད་དགོས། 

省政府办公厅首次举行 新提任领导干部宪法宣誓活动

    2019年12月31日,省政府办公厅举行2018年以来新提任的领导干部集体宪法宣誓仪式,这也是省政府办公厅第一次举行宪法宣誓仪式。

宣誓会场庄重、肃穆。面对国旗、党徽,2018年以来新提任的48名处级领导干部齐唱国歌,郑重承诺,表达了自觉尊法守法用法依法的决心。

宪法是国家的根本大法,向宪法宣誓是国家机关工作人员履行国家赋予职责的重要仪式,是对每一名参加宣誓仪式同志的精神洗礼。此次活动旨在更好地弘扬法治精神、维护宪法权威、履行法定职责。对此,省政府秘书长、办公厅党组书记、主任张黄元在宣誓仪式上指出,宣誓人员要永远铭记誓词,不忘初心使命,切实增强宪法意识,深入推进依法行政,在新的岗位上彰显新担当、展现新形象、成就新作为,争当全省政府系统治理体系和治理能力现代化建设的排头兵。

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།