མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཞི་པའི་སྲིད་གྲོས་གླེང་སྟེགས་གཉེར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཞི་པའི“སྲིད་གྲོས་ཀྱི་གླེང་སྟེགས”གཉེར་ནས། ཀྲུང་གོ་མི་དམངས་སྲིད་གྲོས་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཡོན་ཏུང་ཕིང་ཆེད་དོན་སྙན་ཞུ་གནང་བར་གདན་འདྲེན་ཞུས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན། དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཨུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་དང་ལས་བྱེད་པ་ཁག་གཅིག་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་མཉམ་དུ་འཆད་ཁྲིད་ལ་ཉན་པ་རེད།

ཡོན་ཏུང་ཕིང་གིས་“ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་ཤོས་ལག་བསྟར་བྱས་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་དགོས”ཞེས་པ་བརྗོད་གཞི་བྱས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུར་དམ་པོར་དམིགས་ཏེ་ཡང་དག་པའི་སྒོ་ནས་དུས་བབ་དང་ལས་འགན་ལ་བརྡར་ཤ་གཅོད་པ་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ། སྲིད་གྲོས་ཀྱི་ངོ་བོ་གསར་པའི་ནུས་པ་སྟངས་འཛིན་བྱེད་པ། སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་ཀྱི་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱིས་ཕན་ནུས་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ལྔའི་ཐད་ནས་རྒྱས་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས་པ་རེད། འཆད་ཁྲིད་ཧྲིལ་པོའི་བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དོན་དངོས་དང་མཐུན་པའི་དཔེ་མཚོན་བཀོད་པ། བསམ་བློ་གཏིང་ཟབ་པ་བཅས་ཡིན་པས་ཀྲུང་དབྱང་གི་དགོངས་དོན་ལ་རྒྱུས་ལོན་དང་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་པ་དང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། 

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། རྒྱུན་མཐུད་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པ་དམ་དུ་བཟུང་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད། སྲིད་གྲོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་དང་ཧུར་ཐག་གིས་སྲིད་གྲོས་ཀྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།