ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ལྷན་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་ཆེན་གྱི་ཚོགས་འདུ་ཐེངས་བཞི་བའི་གྲ་སྒྲིག་ལས་དོན་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ་པའི12ཚེས31ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཐེངས་བཞི་བའི་གྲ་སྒྲིག་ལས་དོན་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཚོགས་ཆེན་གྲ་སྒྲིག་ཚོགས་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་ནས་ལས་དོན་སྤེལ་བའི་གནས་ཚུལ་གྱི་སྙན་སེང་ཞུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་གིས་ཚོགས་འདུར་གཙོ་སྐྱོང་མཛད།  

ཀྲང་ཀོང་རུང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་ཞིང་ཆེན་དམངས་འཐུས་ཆེན་ཆེན་ཐེངས་བཞི་བ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཨུད་ཀྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་ནན་ཏན་འགན་ལེན་གྱི་རྣམ་འགྱུར་དང་། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས། ཏན་ཏིག་ཞིབ་ཚགས་ཀྱི་སྤྱོད་ཚུལ། དངོས་གཉེར་ནུས་ཆེའི་བྱ་ཐབས་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ཡག་པོར་བསྒྲུབ་དགོས། 

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ས་མཐོ་རུ་གཏོང་བ་དང་། གཅིག་གྱུར་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་ཆེ་རུ་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། ཞིབ་ཕྲའི་གནས་ཚུལ་ལ་མཐོང་ཆེན་བྱེད་པ། ལས་རིམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་དང་ནོར་འཁྲུལ་མི་ཐོན་པར་འགན་ལེན་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་གསར་གཏོད་བྱེད་པ། ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་ནས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་ཏེ་གསར་གཏོད་ཀྱི་འདུ་ཤེས་ཀྱིས་ཞབས་ཞུའི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པ་དང་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པར་འགན་ལེན་བྱེད་དགོས། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།