ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་མངོན་པར་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་བསྟན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་གཏོང་བ་དང་། ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པའི་ཐད་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡང་དག་ལེན་དགོས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་པ་དང་། སྲིད་གཞུང་གི་བྱ་བ་སོ་སོ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་སྡེ་འབྲོག་ཁུལ་དང་དབུལ་སྐྱོར་གསར་སྤེལ་བྱ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལས་འགན་ཁུར་ཡོད་པས ། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པ་དང་། སྤྱི་ཡོངས་བསམ་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཁྲེགས་གཏོར་བྱེད་ཐབས་ལ་ཤུགས་སྣོན་པ། དངོས་གཉེར་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་སྡེ་འབྲོག་ཁུལ་དང་དབུལ་སྐྱོར་གསར་སྤེལ་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་སྟེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་གསར་པ་ཞིག་གི་མགོ་བརྩམས་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྣ་མང་བ་དང་། རྙོག་འཛིང་ཆེ་ལ་ལས་འགན་ལྕི་བས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གཏན་ཤུགས་སྲུང་འཛིན་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་ཀྱིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་ལ་ཞིབ་འཇུག་བཟང་བོ་བྱེད་པ། ཉིས་སྟོང་ཉི་ཤུ་ལོའི་བྱ་བ་སོ་སོར་འཆར་འགོད་བཟང་བོ་བྱེད་པ། མིག་སྔའི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་གཏན་འཇགས། དབུལ་ཕོངས་མི་སྣར་འཚམས་འདྲི་དང་དཀའ་གནད་འདྲི་ཞིབ་བྱེད་པ་སོགས་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་དབྱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་པ་དང་ལིག་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།