ན་གོར་མོ་གྲོང་ཁྱེར་གྱི“བྱིས་པའི་སྤྲོ་སྣང་ཁྱིམ་གཞིས”ཐོག་མའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས25ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་བྱིས་པའི་ཐེབས་རྩ་ཚོགས་པའི་ཐུན་མོང་ཐོག་གྲོས་གཞི་བཏོན་པའི་སྤྱི་ཕན་རྣམ་གྲངས་སྟེ“བྱིས་པའི་སྤྲོ་སྐྱིད་ཁྱིམ་གཞིས”དེ་ན་གོར་མོ་གྲོང་ཁྱེར་དུ་སྒོ་བྱང་བཀལ་བ་རེད། 

2014ལོ་ནས་བཟུང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་བྱིས་པའི་ཐེབས་རྩ་ཚོགས་པ་དང་མཉམ་དུ“བྱིས་པའི་སྤྲོ་སྐྱིད་ཁྱིམ་གཞིས”ཀྱི་སྤྱི་ཕན་རྣམ་གྲངས་གྲོས་གཞི་བཏོན་ནས་གཞིས་སྲུང་བྱིས་པར་སློབ་སྦྱོང་འཚོ་བ་དང་། གཉེན་ཉེའི་བརྩེ་སེམས། བདེ་འཇགས་སྲུང་སྐྱོབ། སེམས་ཁམས་བློ་འདྲི། རིག་གནས་བདེ་ཐང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་། དེ་དང་ཆབས་ཅིག“ཁྱིམ་གཞིས”གཡུལ་སར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

ན་གོར་མོ་གྲོང་ཁྱེར་གྱིས་སྡེ་ཁུལ་གཞི་རྟེན་དུ་བྱེད་པ་ཧུར་ཐག་གིས་ཕྱོགས་མང་པོ་ནས་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་བཙུགས་ཏེ། གྲོང་ཁུལ་ཁག་གི“བྱིས་པའི་ཁྱིམ་གཞིས”བསྐྲུན་རྒྱུར་ལས་སྟེགས་བཏོད་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་མིའི་ལས་ཁུངས37གྱིས་རང་འགུལ་ངང་རེ་ཞུ་ཕུལ་ནས་ཚད་ལྡན་ཅན་གྱི“བྱིས་པའི་ཁྱིམ་གཞིས”16བསྐྲུན་པར་སྡེ་ཁུལ་དང་ཆ་སྒྲིག་སྟེ། ཐུན་མོང་གིས་བྱིས་པར་སྲུང་སྐྱོང་དང་ཞབས་འདེགས་ཞུ་བའི་སྡེ་ཁུལ་གྱི་ལས་སྟེགས་བཏོད། མིག་སྔའི་བར་ཁོངས་མིའི་ལས་ཁུངས37གྱིས“བྱིས་པའི་ཁྱིམ་གཞིས”འཛུགས་སྐྲུན་མ་དངུལ་དང་དངོས་ཟོག་སྒོར་ཁྲི20ལྷག་ཙམ་གྱིས་རྒྱབ་སྐྱོར་བྱས་པ་དང་། ད་ལོའི་ཟླ10པའི་ཟླ་མཇུག་ཏུ་གྲོང་ཁྱེར་དེའི་ཚད་ལྡན་ཅན་གྱི“བྱིས་པའི་ཁྱིམ་གཞིས”16ཕྱོགས་ཡོངས་ནས་གཉེར་འགོ་བརྩམས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་རྒྱ་ཆེའི་བྱིས་པ་དང་ཁྱིམ་ཚང་གི་ཉེ་འགྲམ་དུ་ཐད་ཀར་བསྐྱལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།