མཚོ་སྔོན་ཐའེ་ཧྥིན་སྔོན་སྐྱོད་ལྕགས་རིགས་ལིས་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟིས་པེ་ཅིན་རླངས་འཁོར་སྡེ་ཚོགས་ཐོན་ལས་དངུལ་གཏོང་ཚད་ཡོད་ཀུང་ཟི་སོགས་སྡེ་ཁག་ལྔའི་བར་དུ་འཐབ་ཇུས་དངུལ་གཏོང་གྲོས་མཐུན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར།   མཚོ་སྔོན་ཐེའེ་ཧྥིན་སྔོན་སྐྱོད་ལྕགས་རིགས་ལིས་ཀྱི་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟིས་པེ་ཅིན་རླངས་འཁོར་སྡེ་ཚོགས་ཐོན་ལས་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་། ཅང་སུའུ་ཀྲུང་ཀོན་སྡེ་བའི་ཚན་རྩལ་ཐོན་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་།  ལས་སྤེལ་གོ་ཞིན་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་ཟི། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི།  ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དངུལ་གཏོང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་བཅས་སྡེ་ཁག་ལྔའི་བར་དུ་འཐབ་ཇུས་དངུལ་གཏོང་གྲོས་མཐུན་བཀོད།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལིག་ཉིང་དང་།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་གཉིས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།    ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་གཏམ་བཤད་པ་དང་།   པེ་ཅིན་རླངས་འཁོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཞུའུ་ཧི་དབྱི་སོགས་ཀྱིས་ཤིས་ཚིག་ཕུལ།

ཝང་ལིས་མེན་གྱིས་གཏམ་བཤད་སྐབས་བསྟན་དོན།   མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལིས་གློག་ཐོན་ལས་འཕེལ་རྒྱས་ཐད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོན་ལས་རྒྱབ་སྐྱོར་ཤུགས་ཚད་རྒྱུན་མཐུད་ཀྱིས་ཇེ་ཆེར་བཏང་ནས་དུང་ཕྱུར་སྟོང་གི་ལིས་གློག་ཐོན་ལས་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།  ལིས་གློག་ཐོན་ལས་དེ་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་པའི་ཆ་ནས།   མཚོ་སྔོན་གྱི་ལྗང་མདོག་དང་ཐན་ཉུང་།  འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་མཚོན་པར་བྱེད་པའི་མིང་རྟགས་བཟང་ཤོས་སུ་གྱུར་ཡོད།  ཐེངས་འདིའི་དངུལ་གཏོང་གྲོས་མཐུན་བདེ་བླག་ངང་བཀོད་པ་དེས་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་ལིས་གློག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།