ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། ཕྱི་འབྲེལ་པུའུ་ཡི་འཛམ་གླིང་སྦྲེལ་མཐུད་མཚམས་སྦྱོར་བྱ་འགུལ་གྱི་སྤྱི་སྡོམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གིས་ཚོགས་འདུའི་སྔོན་ལ་བྱ་བར་བླང་བྱ་བཏོན། གྲོས་ཚོགས་ལས་འབྲེལ་ཡོད་གཟེངས་བསྟོད་ཀྱི་ཁྱབ་སྒྲོག་ནང་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཝང་ཅན་ཅུན་དང་ལིག་ཉིང་གིས་བསྟན་དོན། ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ཡོངས་ལ་འོས་སྦྱོར་ངོ་སྤྲོད་བྱེད་པའི་ལས་སྒོ་བདེ་ལེགས་ངང་སྤེལ་བ་དེས། འཛམ་གླིང་ལ་ཕྱོགས་ཡོངས་དང་ཟུར་ངོས་གང་མང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ། མཚོ་སྔོན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཀུན་གྱི་སྔོན་ལ་འགྲོ་བར་བྱེད་པའི་འཐབ་ཇུས་་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་བྱེད་དགོས། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་དང་སྐྱེ་ཁམས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་པ། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། ཐོན་ཁུངས་ནུས་ཁུངས་དག་གཙང་ཡོང་བར་བྱེད་པ་བཅས་ཀྱི་ལས་དོན་ཆེན་པོ་བཞིའི་བྱེད་ཕྱོགས་ལ། ཀྲུང་གོ་དང་ཕྱི་རྒྱལ་དུ་སྐད་གྲགས་ཆོད་ནས་མཛེས་པའི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡིད་སེམས་འགུགས་ཤུགས་དང་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་མངོན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་མཉམ་འདུས་ཀྱི་བློ་གྲོས་ཆེན་པོ་མངོན་པར་བྱས་ཡོད། དེར་མ་ཟད་མཚོ་སྔོན་གྱི་བྱེད་ཕྱོགས་དེ་དག་ལ་ཚོགས་ཞུགས་གཞུང་ཚབ་པའི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་ལམ་ཁག་གིས་དོ་ཁུར་རྒྱ་ཁྱབ་བྱས་པ། ཆབ་སྲིད་དང་སྤྱི་ཚོགས། གླེང་ཕྱོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་པ། མཚོ་སྔོན་གྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་རྒྱས་ཚད་མངོན་གསལ་ཆེ་རུ་ ཕྱིན་ཡོད། ཐེངས་འདིའི་བྱེད་སྒོར་ཕྱི་འབྲེལ་པུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། འབྲེལ་ཡོད་སྡེ་ཁག་དང་ཚན་ཁག་སོ་སོས་རང་ཉིད་ཀྱི་བློ་གྲོས་དང་རྔུལ་ཆུ་ཕངས་མེད་དུ་བཏོན་ཡོད་པས། བྱེད་སྒོའི་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
ཝང་ཅན་ཅུན་དང་ལིག་ཉིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་འཛམ་གླིང་དུ་བསྐྱོད་དགོས་པ་དང་། འཛམ་གླིང་གིས་ཀྱང་མཚོ་སྔོན་ཤེས་རྟོགས་ཐུབ་རེ་བྱེད་ཀྱིན་ཡོད། རེ་བ་ཡིན་ན་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐེངས་འདིའི་བྱེད་སྒོའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱ་ཐབས་བཟང་བོར་སྤྱི་སྡོམ་ནན་ཏན་བྱེད་རྒྱུ་དང་། མཚོ་སྔོན་གྱི་གཏམ་རྒྱུད་མུ་མཐུད་དུ་ཡག་པོ་འཆད་པ། མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་བསྒྲགས་བྱེད་པ། གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཕན་ཚུན་འགྲོ་འོང་དང་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད། ཕྱི་རོལ་གྱི་ཁོར་ཡུག་བཟང་བོ་ཞིག་གཏོད་རྒྱུ་དང། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་ཆེད་ལེགས་སྐྱེས་གྱ་ནོམ་ཕུན་སུམ་ཚོགས་པ་འབུལ་དགོས་ཟེར།
ཀྲང་ཞི་མེན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་བྱེད་སྒོར་ཞུགས་མཁན་གྱི་བྱ་བའི་ཚན་ཁག་སོ་སོ་དང་། ས་གནས་དང་སྡེ་ཁག ལས་ཁུངས། ཁེ་ལས། བློ་མཐུན་རེ་རེ་བཅས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཕྱི་འབྲེལ་པུའུ་ཡི་འཛམ་གླིང་སྦྲེལ་མཐུད་མཚམས་སྦྱོར་བྱ་འགུལ་གྱི་སྤྱི་སྡོམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།