ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།  ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་དང་།  ཏང་ཙུའུ་ཁོངས་མི།  ཀྲུའུ་ཞི་གཞོན་པ་ཏུའུ་ཅེ།  མཱ་ཧེ་དབྱིན་བཅས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་སྟེང་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་སོ་སོ།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས།   ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ད་ལོའི་བྱ་བར་སྤྱི་བསྡོམས་དང་།  སང་ལོའི་ལས་འགན་ལ་བཀོད་སྒྲིག་བྱས་པ་དང་།   མགོ་རྩོམ་ས་གསར་པའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་བར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བ་མངོན་འགྱུར་བྱེད་པའི་ཐད་བླང་བྱ་གསར་པ་བཏོན་པས།  ང་ཚོས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པ།   དཀའ་སྤྱད་མངུན་སྐྱོད་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བཏོད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན།   མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་སློབ་སྦྱོང་ལག་བསྟར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་།   ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་།   སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་པ་དང་གཞི་རྩའི་ཉམས་མྱོང་ལ་རྒྱུས་ལོན་གཏིང་ཟབ་དང་གོ་བ་ཡང་དག་ལེན་པ།      ཞིང་ཆེན་ཏང་ཨུས་མིག་སྔར་གྱི་གནས་བབ་ལ་བརྡར་གཅོད་ཡང་དག་བྱས་པ་དང་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱར་རྒྱུས་ལོན་གཏིང་ཟབ་དང་གོ་བ་ཡང་དག་ལེན་པ།   ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་སང་ལོའི་ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འགན་འཁྲི་གཙོ་བོར་རྒྱུན་ལོན་གཏིང་ཟབ་དང་གོ་ཡང་དག་ལེན་པ་བཅས་བྱས་ཏེ་བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས།   ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས་རྟོག་ཞིབ་ཁ་ཕྱོགས་གདམ་གསེས་ཡང་དག་བྱེད་པ་དང་གྲོས་མོལ་ཇུས་གཞི་ལེགས་སྒྱུར་བྱེད་པ།   གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་བྱས་ཏེ་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ནུས་ཡོད་འཁོར་སྐྱོད་དང་གྲོས་མོལ་དམངས་གཙོའི་གོ་རིམ་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་བཀོད་སྒྲིག་གལ་ཆེན་དག་རིགས་སོ་སོ་དང་ལས་རིགས་སོ་སོའི་ཐུན་མོང་གི་འདུ་ཤེས་སུ་བསྒྱུར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་མཐོང་ཆེན་བྱེད་དགོས་ཟེར།

རྡོ་རྗེ་རབ་རརྟན་གྱིས་བསྟན་དོན།    མིག་སྔར་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་དང་ཉིས་སྟོང་ཉི་ཤུ་ལོའི་ལོ་འགོར་སླེབས་ཏེ་རིགས་སོ་སོའི་བྱ་བའི་ལས་འགན་ལྕི་བས།    བྱ་བ་གསུམ་དམ་འཛིན་བྱེད་དགོས།   གཅིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བཀོད་སྒྲིག་བྱས་པའི་བྱ་བ་གཙོ་བོ་དག་ལ་ཡང་བསྐྱར་ལོ་མཇུག་གི་ཞིབ་བཤེར་ཐེངས་ཤིག་སྤེལ་ཏེ་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།  གཉིས་ནི་འགན་ནན་མོ་འཁུར་བའི་སྙིང་སྟོབས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་བྱ་བ་སོ་སོ་བཟང་བོར་བསྒྲུབ་ནས་གྲོས་ཚོགས་བསྒྲུབ་པའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།  གསུམ་ནི་ཞིང་ཆེན་ཏང་ཨུའི་བྱ་བའི་ལས་འགན་གཙོ་བོར་དམ་དུ་དམིགས་ནས་ཏང་ཙུའུ་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་འཆར་ཟིན་བཟང་བོ་འགོད་དགོས་པ་དང་།    གྲོས་མོལ་སྲིད་གླེང་གི་བྱ་འགུལ་སོ་སོར་གཅིག་གྱུར་བཀོད་སྒྲིག་བྱས་ནས་སང་ལོའི་སྲིད་གྲོས་བྱ་བའི་མགོ་བཟང་བོ་རྩོམ་པར་འགན་སྲུང་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།