ཡུལ་ཤུལ་གྲོང་ཁྱེར་གྱིས“ཏང་ཡོན་གྱི་སློབ་སྦྱོང་འདེམས་ཐོ”ཡིས་བརྗོད་དོན་སློབ་གསོ་གཞི་རིམ་དུ་མཆེད་པར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས“ཡོངས་ཁྱབ་དང་ཆད་མེད”ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རང་འགུལ་ངང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་བསམ་འཆར་བསྡུ་ལེན་བྱས་པ་དང་། “གྲོང་ཚོའི་ཏང་ཀྲི་པུའུ་ཡི་སློབ་སྦྱོང་བྱེད་ནུས་ཆུང་བ་དང་བོད་སྐད་སློབ་སྦྱོང་གི་དཔྱད་གཞིའི་རྒྱུ་ཆ་མི་འདང་བ”སོགས་ཀྱི་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཏང་ཡོན2000ལྷག་ལ་ཁྱད་ཆོས་ལྡན་པའི“ཏང་ཡོན་གྱི་སློབ་སྦྱོང་འདེམས་ཐོ”བཟོས་པ་དང་། མང་ཚོགས་ཀྱི་གླེང་མང་བའི་ཚ་གནད་དཀའ་གནད་སོགས་མཐིལ་རྟོགས་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གཞུང་ལུགས་རྟོགས་པ་དང་། ཏང་གཤིས་གཏོད་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད། 

ལས་དོན་ཁྲོད། ཡུལ་ཤུལ་གྲོང་ཁྱེར་གྱིས《ཡུལ་ཤུལ་གྲོང་ཁྱེར་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོའི་བོད་ཡིག་ཀློག་དེབ6200ལྷག་ཙམ་རྩོམ་སྒྲིག་བྱས་ཏེ། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་ལ་“བོད་སྐད་སློབ་སྦྱོང་བྱེད་གནས་”བསྐྲུན་ཞིང་། ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གཙོ་བོ་ཡིན་པའི་“ཐོག་མའི་བསམ་འདུན་གྱི་སྐོར་སྐྱོད་སློབ་ཁང་”ཇུས་འགོད་བྱས་པ་བརྒྱུད། ཞིང་འབྲོག་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་ནང་དོན་གྱི་དངོས་རྣམ་ཟློས་གར་སྒྲིག་སྦྱོང་བྱས་ནས“ཐོག་མའི་བསམ་འདུན་གྱི་སྤང་ཐང་བསྲེགས་པའི་བྱེད་སྒོ”ཡི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། “ཏང་ཡོན་གྱི་ཆབ་སྲིད་འཚོ་བའི་དེབ་དམར”བོད་སྐད་ཀྱི་པར་གཞི་བཟོ་བ་སོགས་ཀྱི་རྣམ་པ་བརྒྱུད་ནས། རྒྱ་ཆེའི་ཞིང་འབྲོག་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བརྗོད་དོན་སློབ་གསོ་གཏིང་ཟབ་དང་། བློར་ཟིན་པ། ཏན་ཏིག་ཡོང་བ་བཅས་ལ་འགན་ལེན་བྱས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།