མཚོ་སྔོན་གྱི་ཁག་དང་པོའི་རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས13“རབ་མཛེས་མཚོ་སྔོན་སྤྲིན"དུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས28ཉིན། “རབ་མཛེས་མཚོ་སྔོན་སྤྲིན”ཞེས་པའི་མཚོ་སྔོན་གྱི་རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་ཞིང་ཆེན་རིམ་པའི་ལག་རྩལ་སྟེགས་བུའི་དྲ་ཐོག་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་ལྟར་ན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཏང་ཨུའི་མཛུབ་སྟོན་བླང་བྱ་དང་བཀོད་སྒྲིག་ལྟར། ལོ་གཅིག་རིང་མཚོ་སྔོན་ཞིང་ཆེན་གྱིས་བརྟན་རླིང་ངང་རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཞིང་ཆེན་རིམ་པའི་ལག་རྩལ་ལས་སྟེགས་གཞི་རྩའི་ཆ་ནས་བསྐྲུན་ཟིན་ལ། ཁག་དང་པོའི་ཚོད་ལྟའི་རྫོང་དང་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་བྱད་ལྟེ་གནས13ལ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས། 

ཤེས་རྟོགས་བྱུང་བ་ལྟར་ན། “རབ་མཛེས་མཚོ་སྔོན་སྤྲིན”ཞེས་པའི་མཉམ་འདྲེས་སྨྱན་བྱད་ལས་སྟེགས་ནི་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་ཁྲིད་བྱས་ཤིང་། ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱིས་ལས་གཉེར་བྱེད་འགན་ཁུར་བ་དང་། ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་སིས་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པའི“གསར་འགྱུར་དང་། སྲིད་དོན། ཞབས་ཞུ། ཚོང་དོན”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་སྨྱན་བྱད་འཕེལ་རྒྱས་ལ་ཁྱོན་ཡོངས་ཀྱི་ལག་རྩལ་འདེགས་སྐྱོར་དང་གཉེར་སྐྱོང་སྲུང་སྐྱོང་བྱེད་པའི་ལས་སྟེགས་ཤིག་ཡིན། དེས་སྒུལ་བདེ་དམིགས་སུ་བཟུང་སྟེ་རྒྱུན་འཁྱོངས་བྱས་ནས5Gམཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་བས། འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ། འདུ་ཤེས་གསར་པ། ལག་རྩལ་གསར་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། མཚོ་སྔོན་གྱི་མཉམ་འདྲེས་སྨྱན་བྱད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་སྲིད། ལས་སྟེགས་འདིས་“ལས་སྟེགས་གཅིག་གྱུར་དང་། ལག་རྩལ་གཅིག་གྱུར། གཞི་གྲངས་གཅིག་གྱུར། ཐོན་ཁུངས་མཉམ་སྤྱོད་”བཅས་དམིགས་ཡུལ་དུ་བཟུང་ནས་སྤྲིན་རྩིས་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས། སྒུལ་བདེའི་འཕྲིན་སྦྲེལ་དྲ་བ་སོགས་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་བེད་སྤྱོད་བྱས་ལ། ཞིང་ཆེན་རིམ་པའི་དོ་དམ་ཚོད་འཛིན་ལས་སྟེགས་དང་། ཞིང་ཆེན་རིམ་པའི་མཉམ་འདྲེས་སྨྱན་བྱད་ལས་སྒོའི་ཞབས་ཞུའི་ལས་སྟེགས། ཞིང་ཆེན་ཡོངས་ཀྱི་ནང་དོན་མཉམ་སྤྱོད་ལས་སྟེགས་བཅས་ཚུད་ཡོད། ལས་སྟེགས་དེ་གསུམ་ཕན་ཚུན་ཟུང་འབྲེལ་བྱས་ཚེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཆ་འཕྲིན་ནང་དོན་དང་། ལག་རྩལ་བཀོལ་སྤྱོད། ལས་སྟེགས་མཐའ་སྣེ། དོ་དམ་བྱེད་ཐབས་བཅས་ཐད་ཀྱི་ཕན་ཚུན་སྦྲེལ་མཐུད་དང་། ཐོན་ཁུངས་མཉམ་སྤྱོད་བཅས་མངོན་འགྱུར་ཐུབ་ལ། ཐབས་ལམ་ཕུན་སུམ་ཚོགས་པ་དང་། བརྒྱུད་བསྒྲགས་ཕན་ནུས་ལྡན་པ། དོ་དམ་དང་ཚོད་འཛིན་ཐུབ་པའི་བརྒྱུད་བསྒྲགས་ཀྱི་དྲ་བ་གལ་ཆེན་ཞིག་ཆགས་ཐུབ་པ་ཡིན།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།