མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་ལག་བསྟར་བྱ་བ་བཀོད་སྒྲིག་བྱས། བློ་མཐུན་ལིག་ཉིང་གིས་མངག་བཅོལ་ལྟར། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་སང་ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་ནི་སྲིད་གཞུང་ལས་ཁུངས་ཀྱི་མིག་སྔའི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དོན་དངོས་ལ་འབྲེལ་འདྲིས་དམ་པོ་བྱས་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་ཁྱེར་ནས་སློབ་སྦྱོང་བྱེད་པ། དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱེད་པ། ལག་ལེན་ལ་སྐུལ་འདེད་བྱས་ནས་སློབ་སྦྱོང་བྱེད་པ། གོ་དོན་མཐིལ་རྟོགས་བྱེད་པ་དང་སྦྱངས་པ་གོ་ཆོད་བྱེད་པ་དང་། རྒྱུས་ལོན་གསལ་བོ་བྱེད་པར་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་ཁྱད་སེལ་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། མུ་མཐུད་དུ་གཙོ་གནད་དམ་འཛིན་བྱེད་པ་དང་། ཞན་ཆ་ཁ་གསབ་བྱེད་པ། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། ཚད་གཞིར་དམིགས་པ། སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། ལག་བསྟར་དམ་འཛིན་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་འགན་བགོ་བཤའ་བྱེད་པ་དང་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལག་བསྟར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རང་འགུལ་གྱིས་གནད་དོན་འཚོལ་བ་དང་གནད་དོན་ངེས་ལེན་བྱེད་ཕོད་པ། གནད་དོན་ཐག་གཅོད་ཤེས་པར་བྱེད་དགོས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ནས་གྲངས་ཚད་འོས་མཐུན་སྒོས་འཕར་སྣོན་འབྱུང་བ་དང་སྤུས་ཚད་བརྟན་བརླིང་ངང་མཐོར་འདེགས་འབྱུང་བར་ཁག་ཐེག་བྱེད་དགོས། བྱ་བའི་སྤྱོད་ཚུལ་བསྒྱུར་བ་དང་། བརྟག་བཤེར་ཞིབ་འཇུག་ལ་དོ་སྣང་བྱས་ནས། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་གྱི་ཚོགས་ཆེན་གཉིས་བསྡུ་བར་གྲ་སྒྲིག་བཟང་བོ་བྱེད་པ་དང་། བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པ་དང་དྲོད་འདོན་དང་དངོས་གོང་གཏན་འཇགས་ཡོང་བའི་བྱ་བ་བརྟན་བརླིང་ངང་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་འཚོ་བར་བཀོད་སྒྲིག་བཟང་བོ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧའེ་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས་དང་ཐད་གཏོགས་ལས་ཁུངས། མངག་གཏོང་ལས་ཁུངས། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།