མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་ཐེངས་སོ་བཞི་བ་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་མ་ཟད། ལག་བསྟར་གྲོས་གཞི་བཏོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་ནས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

མཱ་ཝེ་ཡིས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལྷག་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་དང་ཟུང་འབྲེལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཟུང་བའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དང་ཟུང་འབྲེལ་བྱེད་པ། དམངས་འཐུས་ཚོགས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། ལག་བསྟར་གྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན། བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བ། བསམ་བློ་ངོས་ཟིན་མཐོར་འདེགས་གཏོང་བ། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་གཉིས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྟེང་གཅིག་བསྡུས་བྱེད་པ། ཞིང་ཆེན་ཏང་ཨུའི་འབོད་སྐུལ་དང་སྐུལ་སློང་། བཀོད་སྒྲིག་ལ་དམངས་ཆེན་གྱིས་དང་ལེན་བྱེད་པ་དང་འགུལ་སྐྱོད་བྱེད་པ། གྲུབ་འབྲས་བླངས་ནས། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། མིག་སྔར་ལ་རྐང་འཛུགས་པ་དང་སེམས་ཞིབ་མོས་འཆར་འགོད་བྱེད་པ། རང་རྟོགས་སྒོས་དམངས་ཆེན་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་འཆར་འགོད་བྱེད་པ་དང་བསམ་གཞིགས་གཏོང་བ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། ཁྲིམས་ལྟར་ཕན་ཡོད་ལྟ་སྐུལ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ད་ལོའི་བྱ་བའི་མཇུག་བཟང་བོ་བསྡུ་བ་དང་སང་ལོའི་བྱ་བའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།