མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་ཐིན་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་གཏམ་བཤད།

ཀྲང་ཞི་མེན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་གྲོལ་མ་ཐག ང་ཚོས་ཐེངས་འདིའི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་ཁྱབ་ཁོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་མཐོན་པོ་མངོན་པར་བྱས་ཟེར།

ཀྲང་ཞི་མེན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་སྤྱི་ཚོགས་ཡོངས་ཀྱི་ལམ་ལུགས་ཀྱི་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་པའི་ཐད་ནས་བཀོད་སྒྲིག་གསར་བ་བྱས་པ་མ་ཟད། རང་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་གྱི་གཞི་རིམ་བཅོས་སྐྱོང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མི་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་། སྤྱི་ཚོགས་འཚར་ལོངས་ཆུ་ཚད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན་པས། ཁོངས་གཏོགས་ལས་ཁུངས་སོ་སོས་སློབ་སྦྱོང་ནན་མོ་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། བཅའ་ཁྲིམས་ཁྱབ་གདལ་ནི་རྨང་གཞི་རང་བཞིན་དང་སྔོན་ཁྲིད་རང་བཞིན། དུས་ཡུན་རང་བཞིན་གྱི་བྱ་བ་ཞིག་ཡིན་པ་དང་། ཁྲིམས་ལྟར་ཁྱོན་ཡོངས་ནས་ཞིང་ཆེན་སྐྱོང་ན་དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་གཏོང་བ་དང་། ཁྲིམས་ལྟར་བྱ་བ་བསྒྲུབ་པའི་གོམས་སྲོལ་གྲུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། སུས་ཁྲིམས་འཛིན་ན་སུས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ་ལག་བསྟར་བྱེད་དགོས། དྲང་བདེན་འཛིན་སྐྱོང་དང་གསར་བ་གསར་གཏོད་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་གི་རྣམ་པ་ཆེན་པོ་གྲུབ་པར་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ་དང་མང་ཚོགས་ཀྱི་གནས་ཚུལ་དངོས་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱས་ཏེ། གྲུབ་འབྲས་བརྩོན་ལེན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།