2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་འཚོང་ཚོགས་འདུའི་སྟེང་དུ་མཚོ་སྔོན་ལ་བྱ་དགའ་མང་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་འཚོང་ཚོགས་འདུ་དེ་ཡུན་ནན་ཞིང་ཆེན་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་བཤམས་སྟོན་ལྟེ་གནས་སུ་འཚོགས། རང་ཞིང་གི་བརྗིད་ཆགས་མཛེས་སྡུག་གི་རང་བྱུང་ཡུལ་ལྗོངས་དང་རྣམ་པ་མང་བའི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱིས་ཚོང་པ་དང་ཡུལ་སྐོར་པ་མང་པོ་བཀུགས། “རབ་མཛེས་མཚོ་སྔོན”གྱིས་རང་སྟེང་གི་རང་བྱུང་མཛེས་ཉམས་ལ་བརྟེན་ནས་དགའ་མཁན་བགྲང་ལས་འདས་པ་བཀུགས་པར་མ་ཟད། ཐེངས་འདིའི་ཡུལ་སྐོར་ཉོ་འཚོང་ཚོགས་འདུའི“ཕུལ་བྱུང་རྩ་འཛུགས་བྱ་དགའ”དང“ཆེས་བཟང་བའི་བཤམས་སྟོན་བྱ་དགའ”ཐོབ།

ཐེངས་འདིར་ཡུལ་སྐོར་ཉོ་འཚོང་ཚོགས་འདུའི་ནང་དུ་ཞུགས་པའི་ཁྲོད་དུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སེམས་ཞིབ་མོས་གྲ་སྒྲིག་བྱས་པ་དང་། རང་ཞིང་གི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་རྩེ་གྲས་ཡུལ་སྐོར་ལམ་ཐིག དེ་མིན་ཉེ་བའི་ལོ་འགའི་རིང་གི་རང་ཞིང་གིས་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་གསུམ་གྱི་ཐད་ནས་བླངས་པའི་གྲུབ་འབྲས་ཆེས་གསར་པ་ཕྱོགས་བསྡུས་ཀྱིས་བཤམས་པ་དང་། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཐད་ཀྱི་ཚོང་འགུག་ལས་གཞི་དྲིལ་སྒྲོག་དེབ་ཆུང་དང་།མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་དེབ་ཆུང20000ལྷག་བཀྲམ། རང་ཞིང་གི་ཚོགས་འདུར་ཞུགས་པའི་ཡུལ་སྐོར་ཁེ་ལས་ཀྱིས་ཁུན་མིང་ཡུལ་སྐོར་ཉོ་འཚོང་ཚོགས་འདུའི་སྟེང་གི་ཚོང་རའི་སྟེགས་བུ་ཆེན་མོ་དང་གོ་སྐབས་བཟང་པོར་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོང་པ་གྲགས་ཅན་དང་མཉམ་དུ་མངའ་ཁོངས་ཕྱི་ནང་གི་ཡུལ་སྐོར་ཚོང་ཁྲོམ་གསར་སྤེལ་གྱི་མཉམ་ལས་དང་།ཡུལ་སྐོར་ཚོང་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་བྱེད་པ་སོགས་ཀྱི་ཐད་ཧུར་བརྩོན་གྱིས་བགྲོ་གླེང་དང་བརྗེ་སྤེལ་ཞིབ་མོར་བྱས་པ་དང་། འབྲེལ་ཡོད་ཀྱི་མཉམ་ལས་ནང་དོན་ལ་སྦྲེལ་མཐུད་དང་གྲོས་མོལ་བྱས། བཤམས་རྫས་སྒོར་ཁྲི10ཡན་ཕྱིར་བཙོང་བ་དང་། འདོད་བློ་རང་བཞིན་གྱི་གན་རྒྱ་འཇོག་པའམ་མངག་ཉོ་བྱས་པའི་སྒོར་གྲངས་སྒོར་ཁྲི20ཡན་ལ་བརྒལ་བར་མ་ཟད།ནང་དོན་མང་པོ་ཞིག་ལ་མཉམ་ལས་བྱེད་པའི་འདོད་བློ་མཐུན་དུ་བཅུག

དེའི་སྐབས་སུ། 《ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར》དུས་དེབ་ཁང་གིས་སྤེལ་བའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ལོ་འཁོར་གྱི་དཔེ་ལེགས་མིང་ཐོར་བྱ་དགའ་སྟེར་བའི་གཟབ་རྒྱས་མཛད་སྒོ་ཟླ11པའི་ཚེས16ཉིན་སྤེལ། རང་ཞིང་ནི2019ལོ་འཁོར་མོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་སྒེར་བསྐོར་ཡུལ་སྐོར་བྱ་ཡུལ་ཆེས་ལེགས་པོའི་གྲས་སུ་བདམས། རང་ཞིང་གི་བྷོད་ཡུལ་རིག་གནས་ཡུལ་སྐོར་ཚོགས་པ་དེ2019ལོ་འཁོར་མོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ཁྱད་ལྡན་གསོལ་མགྲོན་ཁང་གྲགས་ཅན་དུ་བདམས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།