མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་དངུལ་རང་འགུལ་གྱིས་ཚོད་རྩིས་བྱས་ཆོག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལས་བཟོ་བའི་རྒན་གསོའི་ཐོབ་ཐང་ཚོད་རྩིས་ཞབས་ཞུ་དྲ་ཐོག་ཏུ་སྤྱོད་འགོ་བཙུགས་རྗེས། ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་ཐོབ་ཐང་ཚོད་རྩིས་ཞབས་ཞུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྒོ་ཁྱིམ་དྲ་ཚིགས་དང་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་སྤྱི་ཚོགས་འགན་སྲུང་APPསྟེང་དུས་གཅིག་ཏུ་སྤྱོད་འགོ་བཙུགས་པ་རེད།

འགན་བཅོལ་ནང་ཞུགས་མཁན་གྱིས“མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་APP”ཐོ་འགོད་བྱས་ཏེ། “ངས་བརྟག་དཔྱད་བྱ་དགོས”ཞེས་པ་མནན་ནས། “སྤྱི་ཚོགས་འགན་བཅོལ”ཁྲོད་ཀྱི“གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་དངུལ་ཚད་ལེན་ཚོད་རྩིའི”དཔེ་གཞིའི་ནང་ཞུགས་པའམ། ཡང་ན་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྒོ་ཁྱིམ་དྲ་ཚིགས (http://rst.qinghai.gov.cn)སྟེང་གནན་ན་“དྲ་ཐོག་ལས་སྒྲུབ་”ཅེས་པའི་ཁྲོད་ཀྱི་“མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དྲ་ཐོག་ལས་སྒྲུབ་ཞབས་ཞུ་ཚོམས་“ཀྱི་འཆར་ངོས་ལ་སླེབས་པ་དང་། དེ་རྗེས་“མི་སྒེར་ལས་སྒྲུབ་”ཁྲོད་ཀྱི“སྤྱི་ཚོགས་འགན་བཅོལ”གནན་ནས“གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོ་ཚོད་རྩིས་ཀྱི་”དཔེ་གཞིའི་འཆར་ངོས་ལ་སླེབས་ཐུབ། འགན་བཅོལ་ནང་ཞུགས་མཁན་མི་སྣས་ཚད་ལེན་ཞིབ་རྩིས་ཀྱི་དཔེ་གཞི་“འབྱུང་འགྱུར་དངུལ་སྤྲོད་གདང་རིམ་”ནང་ཞུགས་ཚེ། མི་སྒེར་གྱི་རྒན་གསོའི་ཐོབ་ཐང་རང་འགུལ་ངང་ཚད་ལེན་རྩིས་རྒྱག་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།