ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་རྩ་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་རེན་གྲོས་ཚོགས་དང་ཨུ་ཡོན་ཡོངས་ཀྱི་གྲོས་ཚོགས་འཚོགས་པ་དང་། ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཁོངས་མི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིང་གིས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་དང་། 《གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་ཞིབ་འཇུག་དང་གྲོས་བསྡུར། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི2019ལོའི་ལས་དོན་སྤེལ་ཚུལ་དང2020ལོའི་བྱ་བའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་རེད།
མཱ་ཧའེ་དབྱིང་གིས་བསྟན་དོན། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བའི་སེམས་མཐུན་སྒོར་དབྱིབས་ཟམ་མི་ཆད་པར་ཡག་པོ་འབྲི་དགོས་པ་དང་། བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་རྗེས་སྙེག་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས། སྲིད་གྲོས་ཀྱི་ཤེས་བྱ། མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཇུས་འདོན་སྲིད་འདྲི་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་དགོས་པ། སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གསོ་སྦྱོང་སོགས་ཀྱི་ཐད་ཨུ་ཡོན་ལ་ཚད་འབེབས་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པ། ཕྱི་ལོའི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ནས“འཐབ་ས་དང་པོ་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ“འཐབ་ས་དང་པོའི”བསམ་བློ་དང་། “འཐབ་ས་དང་པོའི”སྙིང་སྟོབས། “འཐབ་ས་དང་པོའི”ངར་ཤུགས་བཅས་ཀྱི་ཐོག་ནས་ལས་དོན་ནང་ཞུགས་ཏེ་འཇུག་སྒོ་གནད་འཁེལ་འཚོལ་བ་དང་སྤུས་ཚད་མཐོ་བའི་ཐབས་འདོན་བྱས་ཏེ་ལས་དོན་ཁག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ། ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན་པ་རེད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཏང་རྩ་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་རེན་གྲོས་ཚོགས་དང་ཨུ་ཡོན་ཡོངས་ཀྱི་གྲོས་ཚོགས་བསྡུས།