སྙུན་གཞི་དྭངས་པའི་ལམ་ནི་ཁེར་རྐྱང་མིན་ཞེས་པའི་ལོ་སར་གྱི་སྤྲོ་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ།ཕག་གྲུ)  སྤྱི་ལོ2019ལོའི་ཟླ12པའི་ཚེས25ཉིན་གྱི་ཕྱི་དྲོར། ཏང་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་བྱ་བར་མཐོང་ཆེན་བྱེད་བཞིན་པར་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེའི་སྨན་ཁང་གིས་གཙོ་སྒྲུབ་གནང་བའི་སྙུན་གཞི་དྭངས་པའི་ལམ་ནི་ཁེར་རྐྱང་མིན་ཞེས་པའི་ལོ་སར་སྤྲོ་ཚོགས་དེ་གཟབ་རྒྱས་ངང་བསྡུས། སྤྲོ་ཚོགས་ལ་སྨན་ཁང་གི་འགོ་གཙོ་དག་དང་མཚོ་སྔོན་ཕན་བདེ་རྒྱན་ཤོག་གི་དང་བླངས་པ་བཅས་ཞུགས་ཡོད་པ་དང་།སྨན་ཁང་གི་སྨན་པ་དང་ལས་བཟོ་པ།ནད་པའི་ཁྱིམ་བདག་ཚང་མས་ལུས་ལ་དུས་ཆེན་གྱི་ཤོམ་ལྭ་གོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་འཛོམས་ཏེ། གླུ་དབྱངས་དང་ཞབས་བྲོ། རོལ་རྩེད་སོགས་ཡིད་དབང་འཕྲོག་པའི་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ནས་ཚོགས་ར་ཡོངས་སུ་དགོད་སྒྲ་དང་གླུ་སྐད་ཀྱིས་ཁྱབ་ཡོད་པས། ལོ་སར་སྤྲོ་ཚོགས་ཀྱི་དགའ་སྐྱིད་དང་བྱམས་བརྩེའི་རྣམ་པས་ཡོངས་སུ་ཁེངས་འདུག

ཕན་བདེ་སྙིང་རྗེའི་སྨན་ཁང་གི་འགོ་གཙོ་ཀྲང་ཡོན་གོ་ཡིས་བཤད་རྒྱུར།ང་ཚོས་རྐང་ལག་སྐྱོན་ཅན་གྱི་བྱ་བ་ནི་དབང་བོ་སྐྱོན་ཅན་གྱི་འཚོ་བར་དོད་ཁུར་དང་ཁོ་ཚོ་བདེ་ཐང་ཡོང་བའི་དོན་དག་བཟང་བོ་ཞིག་ཏུ་བརྩིས་ཏེ།ད་ལོར་ཞིང་ཆེན་ཡོངས་ཀྱི་རྫོང་ཁག23ལ་སོང་ནས་རྐང་ལག་སྐྱོ་ཅན་གྱི་མི་བསྡོམས་པས2709ལ་རིན་མེད་ངང་ཞིབ་བཤེར་དང་བརྟག་དཔྱད་བྱས་ཤིང་།མིག་སྔའི་བར་དུ་མི189ང་ཚོའི་སྨན་ཁང་རང་ནས་གཤེགས་བཅོས་སྨན་ལས་བྱས་པ་དང་།མི71ལ་ཁམས་གསོ་སྨན་བཅོས་བྱས་ཕྱིར།སྤྱི་ཚོགས་ཡོངས་ནས་བསྟོད་བསྔགས་ཐོབ་པ་དང་།ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་བར་རྨང་གཞི་བརྟན་པོ་བཏང་སོང་ཟེར།

བྱིས་པ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བཞག་ཅན་གྱི་མེ་ཏོག་ཡིན་མོད། དབང་བོ་སྐྱོན་ཅན་གྱི་བྱིས་པ་དག་ནི་མེ་ཏོག་སྣ་བརྒྱའི་ཁྲོད་ཆེས་ཉམ་ཆུང་གི་མེ་ཏོག་ཁྱུ་ཞིག་ཡིན་པས། ཁོ་ཚོར་མཁོ་བ་ནི་ནམ་ཡང་དྲོད་ཁོལ་དང་ཐུགས་ཁུར་ཡིན་ལ། དབང་བོ་སྐྱོན་ཅན་གྱི་བྱིས་པ་རྣམས་ཀྱི་གཟུགས་གཞི་དང་བསམ་བློ། ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཕན་བདེ་སྨན་ཁང་གི་ཁམས་གསོ་ཚན་ཁག་གིས་སྙུན་གཞི་དྭངས་པའི་ལམ་ནི་ཁེར་རྐྱང་མིན་ཞེས་པ་བརྗོད་གཞི་གཙོ་བོར་བཟུང་ནས། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དབང་བོ་སྐྱོན་ཅན་བཅས་ལས་ཁུངས་ཁག་གིས་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བ་དང་།དཔྱིད་ཀ་གསར་པ་ཞིག་དང་རེ་བ་གསར་པ་ཞིག་བསུ་བའི་ལོ་སར་གྱི་སྤྲོ་ཚོགས་བསྡུས་ཤིང་། ན་ཚའམ་སྙུན་གཞི་དྭངས་པའི་ལམ་ཁ་ནི་ཆེས་སྙིང་དུ་སྡུག་པ་དང་ཡུན་རིང་བའི་གོ་རིམ་ཞིག་ཡིན་མོད། ཁོ་བོ་ཅག་གིས་ནམ་ཡང་དཀའ་ངལ་ལ་མ་འཛེམས་པར་དབང་བོ་སྐྱོན་ཅན་གྱི་བྱིས་པ་མང་པོ་ཞིག་ལ་འཚོ་བ་དང་བསྟི་གནས་མཁོ་འདོན་བྱས་ཡོད། ཡུལ་དངོས་སུ་གོང་གི་ངོ་མཚར་ལྟད་མོ་ལས་ད་དུང་བརྩེ་བས་ཁེངས་པའི་དུས་ཀྱང་ཡོད་ལ། བྱིས་པ་ཚོས་སྨན་པ་དང་ནད་གཡོག་མར་བཀའ་དྲིན་ཞུ་བ་དང་མཚོ་སྔོན་རྒྱན་ཤོག་གི་དང་བླངས་པས་བྱིས་པ་རྣམས་ལ་ལོ་གསར་གྱི་ལེགས་སྐྱེས་འབུལ་བ་སོགས་ཡིད་འགུག་ཐེབས་པའི་སེམས་སྒྲ་མང་པོ་འདུག དེ་དག་ལས་ཡུལ་དངོས་ཀྱི་ལྟད་མོ་བ་དག་སེམས་འགུལ་ཐེབས་ཤིང་། ཁོ་ཚོ་ནི་བརྩེ་བ་དམ་དུ་བཅིངས་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ། དགའ་སྤྲོ་དང་བྱམས་བརྩེ་ཡིས་ཁེངས་པའི་མཐེབ་མོའི་རྡེབ་སྒྲའི་ཁྲོད་སྤྲོ་ཚོགས་ཀྱང་བདེ་ལེགས་ངང་མཇུག་བསྡུས་སོང་།

844c46412adeef2c7335407652af9b4.jpg

 འཁྲབ་སྟོན་ཡུལ་དངོས།

be838b5dd2c7436fdb2f24cbaf5585d.jpg

ཡུལ་དངོས་ཀྱི་རྣམ་པ།

e894769ad191adc996d478237b3a447.jpg

བྱ་འགུལ་ལ་ཞུགས་པའི་མང་ཚོགས།

fc5359eef3f3b2c78887656d087f85d.jpg

ཡུལ་དངོས་རྣམ་པ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།