ཟི་ལིང་གི་སྨན་བཅོས་སྒྱུར་བཅོས་ལ་ཡང་བསྐྱར་རྒྱལ་ཡོངས་ཀྱི“གཟི་བརྗིད་ཆེན་པོ་ཟུང་བཅུ”ཡི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྒྲིག་གཞི་སྒྱུར་བཅོས་ཟི་དང་དྲིལ་བསྒྲགས་ཟི་ཡིས་མཛུབ་ཁྲིད་བྱས་ཏེ།  《ཀྲུང་གོ་འཕྲོད་བསྟེན》དུས་དེབ་ཁང་དང་བདེ་ཐང་ཚགས་པར་གཉིས་ཀྱིས་གཙོ་གཉེར་བྱས་པའི2019ལོའི“སྨན་བཅོས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གསར་པ་བཅུ་དང་གསར་འགྱུར་མི་སྣ་རྩེ་གྲས་བཅུ”ཡི་འོས་སྦྱོར་བྱེད་སྒོའི་འབྲས་བུ་ཁྱབ་བསྒྲགས་བྱས། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཀུའོ་ཝུའེ་ལ2019ལོའི་རྒྱལ་ཡོངས་ཀྱི“སྨན་བཅོས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་གསར་འགྱུར་མི་སྣ་རྩེ་གྲས་བཅུ”རུ་བདམས་ཡོད། 

ཤེས་རྟོགས་བྱས་པ་ལྟར་ན། འདི་ནི་ཟི་ལིང་གྲོང་ཁྱེར་གྱིས2019ལོའི་ཟླ5པར་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་གཏོང་བའི་ཚོགས་འདུ་དང་ཀྲུང་གོའི་འཕྲོད་བསྟེན་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག“སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ནས་བདེ་ཐང་ཐུན་མོང་འདུས་གྲུབ”དང“བྱ་ཐབས་གསར་པ་ཆེན་པོ་བཅུ”ཡི་མཚན་སྙན་ཐོབ་པའི་རྗེས་སུ་ཡང་བསྐྱར་རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པ་ཞིག་རེད། 2019ལོ་ནས་བཟུང་། ཟི་ལིང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ནས། དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་གི་ལས་དོན་གྱི་བྱེད་ཕྱོགས་ལ་དམ་པོར་དམིགས་ཤིང་། “བདེ་ཐང་གི་ཀྲུང་གོ”དང“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་རིམ་པ་བཞི་པའི་ཚགས་དམ་རྣམ་པའི་གཞི་གཅིག་ཅན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད་ལ། “བདེ་ཐང་ཞབས་ཞུའི་ཐུན་མོང་འདུས་གྲུབ”བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ཏེ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱས་པ་བརྒྱུད། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྒྱུར་བཅོས་ལ་བརྟེན་ནས་མང་ཚོགས་ཀྱི་ནད་ལྟ་བའི་དཀའ་ཁག་སེལ་ཐབས་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།