ཏང་ཡོན་ལས་བྱེད་པས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་དོན་དག་འདི་དག་སྒྲུབ་མི་ཆོག
སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་དང་ཁོངས་གཏོགས་ལས་བྱེད་པ་སོགས་ཀྱིས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་དེ་བཞིན་ལག་རྟགས་དང་འབུལ་རྟེན་སོགས་དང་ལེན་བྱེད་པ།
སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་དང་ཁོངས་གཏོགས་ལས་བྱེད་པ་སོགས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་དང་། ལུས་སྦྱོང་། རོལ་རྩེད་སོགས་ཀྱི་བྱེད་སྒོ་དང་ལེན་བྱེད་པ།
ཁོངས་གཏོགས་ལས་བྱེད་པའི་ཚན་པ་དང་ཁེ་ལས་སོགས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་རླངས་འཁོར་བོགས་གཏོང་དང་གཡར་སྤྱོད་བྱེད་པའམ་ཡང་ན་སྒེར་འཁོར་སྤྱི་གསོ་སོགས་བྱེད་པ།
ཚད་གཞི་ལས་བརྒལ་བའི་གཞུང་དོན་སྣེ་ལེན་དང་། གཞུང་སྤྱོད་རླངས་འཁོར་བེད་སྤྱོད། གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་འགྲོ་བའི་འགྲོ་གྲོན་རྣམས་ཁོངས་གཏོགས་སྡེ་ཚན་ལ་བརྒྱུད་སྤྲོད་བྱེད་པའམ་ཡང་ན་སྒེར་དུ་“དངུལ་མཛོད་ཆུང་ངུ་”བཙུགས་ནས་རྩིས་ཞུ་བྱེད་པ་སོགས།
མིང་སྣ་ཚོགས་བཏགས་ནས་དངུལ་དང་དངོས་པོ་གང་བྱུང་དུ་སྤྲོད་པ་སོགས།
སྒྲིག་འགལ་ངང་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་ཚོད་གལ་ཆེན་རྒྱུན་ལྡན་ལྟར། སྙིང་རུས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད། འོན་ཀྱང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་སྔར་བཞིན་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་སྟེས་དབང་དང་སྒྱིད་ལུག་གི་སེམས་ཁམས་བཅིངས་བཞིན། སྲོལ་རྒྱུན་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ཡ་མེད་སྒྲིག་འགལ་བྱས་པས་གནས་ཚུལ་དེ་རུལ་སུངས་ཀྱི་བྱེད་སྤྱོད་དང་ཚུལ་མིན་སྤྱོད་ཚུལ་གྱི་རྣམ་པ་ཐོན་སླ་བ་དང་ཐོན་མང་བའི་དུས་མཚམས་སུ་གྱུར་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱེད་པའི་དུས་མཚམས་གལ་ཆེན་གཉིས་ལ་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཡོན་ལས་བྱེད་པ་ཡོངས་ལ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུངས་ནས་དོན་དག་དེ་དག་བློ་ལ་བརྟན་པོར་ངེས་དགོས་པའི་དྲན་སྐུལ་བྱས་པ་རེད།
སྤྱོད་ཚུལ་ལེགས་སྐྱོང་ལ་འགྱུར་བ་མེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་བརྩི་སྲུང་ནན་པོ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་གྱི་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྒྲིག་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེར་གཏོང་བ་དང་། རང་གཅུན་རང་འདོམས་བྱེད་ཤུགས་ཆེར་གཏོང་བ། སྤྱོད་གཙང་རང་གཅུན་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བཅས་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་འཁུར་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་རང་རྟོགས་ངང་མཛུབ་ཁྲིད་དུ་བྱས་ཏེ་བདག་སྐྱོང་བྱེད་ཁོངས་ནང་གི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་ཡོང་བ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་ཐེར་འདོན་བྱེད་ལམ་དང་ལྟ་སྐུལ་ལས་སྟེགས་ཤར་བགྲོད་ཐུབ་པ་བྱས་ཏེ་ཤེས་རྟོགས་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སྣ་ཚོགས་ལ་དམ་པོར་དམིགས་པ་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ཡ་མེད་སྒྲིག་འགལ་གྱི་གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང་མིང་བཏོན་ནས་བརྡ་ཁྱབ་དམར་འདོན་བྱས་ཏེ་ནན་པོ་བྱེད་པའི་ཁོར་ཡུག་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས།
2019ལོའི་ཟླ12པའི་ཚེས24ཉིན།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཏང་ཡོན་ལས་བྱེད་པས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་དོན་དག་འདི་དག་སྒྲུབ་མི་ཆོག