མཚོ་སྔོན་ཞིང་ཆེན་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་བསྡུས།   མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཞིང་ཆེན་ལོ་ལོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་ཁོངས་མི་སོ་སོས་བདེན་གཉེར་ཡར་བརྩོན་དང་གསར་གཏོད་གསར་འབྱེད་བྱས་ནས། ལོ་ལོན་གྱི་སྲིད་ཇུས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། གོམ་གང་མདུན་སྤོས་སྒོས་བྱ་བའི་འགན་སྲུང་བྱེད་ཕྱོགས་བདེ་ཐང་ཅན་དུ་བསྒྱུར་བ་ལས་གཞན། གཞི་རིམ་རྨང་གཞིའི་བྱ་བ་སྟོབས་ཤུགས་ལྡན་ཞིང་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ། དེ་མིན་ད་དུང་ལོ་ལོན་གྱི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བཏང་བ་དང་། ལོ་ལོན་བྱ་བའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་མཐར། ལས་རིམ་ཁག་སོ་སོའི་ལས་རིམ་གཙོ་བོར་ཕན་འབྲས་མངོན་གསལ་བླངས་པས། སྤྱི་ཚོགས་ཡོངས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྤྱོད་ལམ་ལེགས་པོ་ཆགས་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཟེར།

གྲོས་ཚོགས་་ལས་ནན་གྱིས་བསྟན་དོན། གནས་བབ་གསལ་རྟོགས་དང་གོ་སྐབས་དམ་འཛིན་གྱིས། ལོ་ལོན་གྱི་ལས་དོན་ཡག་པོ་སྒྲུབ་པར་མཁོ་བའི་ཉེན་ཚབས་ཀྱི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་ནས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་གོ་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་འབད་དེ།ལོ་ལོན་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་ལམ་ལུགས་མགྱོགས་མྱུར་ལྡན་པའི་སྒོ་ནས་འཐུས་ཚང་དུ་གཏོང་བ་དང་། བདེ་ཐང་རྒན་གསོའི་ཞབས་ཞུར་སྐུལ་འདེད་ཧུར་ཐག་གཏོང་བ། ལོ་ལོན་རྒན་པ་སྤྱི་ཚོགས་ནང་ཞུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྨང་གཞི་ཇེ་བརྟན་དུ་བཏང་ནས། ལོ་ལོན་གྱི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཕན་ཚུན་གཞོགས་འདེགས་བྱེད་པ་དང་། ལག་བསྟར་བརྒྱུད་རིམ་ཁྲོད་ནས་ཕན་ཚུན་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ཀྱི་ཐད་ཕན་ཚུན་སྤེལ་རེས་བྱེད་པ་བཅས་བྱས་མཐར། ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་གྲས་ལ་སྔར་མེད་ཀྱི་བདེ་སྐྱིད་བསྐྲུན་ནས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལོན་རྒན་པའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་སྒོས་གཏོད་དགོས་ཟེར།

ཚོགས་ཐོག་ནས་འབྲེལ་ཡོད་ཁོངས་མི་དང་ལས་ཁུངས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་བྱ་བ་དངོས་དང་ཟུང་དུ་སྦྲེལ་ནས་གཏམ་བཤད་བྱས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།