ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་ནུབ་ཁུལ་དགུང་སྔོན་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་བཙུགས་པ་རེད།
མཚོ་ནུབ་ཁུལ་དགུང་སྔོན་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་དེ2017ལོར་དངོས་སུ་འཛུགས་གྲབས་བྱས་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་སྤྲོ་སེམས་ཆེ་བའི་དང་བླངས་པ་ཁག་གཅིག་གིས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་ཏེ། དཔུང་ཁག་གི་ཐོག་མའི་དུས་སུ་ཕྱི་རོལ་ལུས་རྩལ་ལ་དགའ་མཁན་མ་གཏོགས་ཞུགས་མེད། ད་ལྟ་ཆེད་ལས་ཀྱི་འཚོལ་སྐྱོབ་མི་སྣ་དང་སྨན་བཅོས་མི་སྣ་སོགས་འབྲེལ་ཡོད་ཆེད་ལས་མི་སྣའི་སྣ་མང་དཔུང་ཁག་གི་སྒྲོམ་གཞི་ཞིག་ཆགས་ཡོད། མིག་སྔར་བསྡོམས་པས་དང་བླངས་པ63ཡོད།
མཚོ་ནུབ་ཁུལ་དགུང་སྔོན་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་ཀྱི་ལས་འཛིན་པ་ཞེ་ཝུན་ལིན་གྱིས་ངོ་སྤྲོད་བྱས་པར་ལྟར་ན། 2018ལོ་ནས་ད་བར་རོགས་སྐྱོབ་ལྟེ་གནས་ཀྱིས་བསྡོམས་པས་ཐེངས40ལྷག་ལ་རུ་མི་མི་ཐེངས500ལྷག་བཏང་སྟེ། བོར་མི70ལྷག་བཙལ་བ་དང་སྤྱི་ཕན་བྱེད་སྒོར་ཐེངས40ལྷག་ཙམ་ཞུགས་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་ནུབ་ཁུལ་དགུང་སྔོན་མཁོ་བསྟུན་རོགས་སྐྱོབ་ལྟེ་གནས་བཙུགས་པ།