མགོ་ལོག་པད་མ་རྫོང་གིས“གསར་བརྗེའི་སློབ་གསོར”བརྟེན་ནས་བརྗོད་དོན་སློབ་གསོར་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི”བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས“དམར་དམག་འགག”གསར་བརྗེའི་སློབ་གསོའི་ཐོན་ཁུངས་གཙོ་གནད་ཐོག་སྤྱད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཧུར་ཐག་གིས་སྒྲིག་འཛུགས་བྱས་ནས“གནས་མཆོག་ལ་ཐེངས་གཅིག་མཇལ་བ། སེམས་ཁམས་ཐེངས་གཅིག་གསོ་བ། ནང་སྙིང་སྔོག་འདོན་བྱེད་པ། སྙིང་སྟོབས་བསྐྱེད་པ”བཅས་གཙོ་བོར་བྱེད་པའི“གཅིག་གནས་བཅུ་པོ”སློབ་ཁྲིད་དང་སྦྱོང་བརྡར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ལམ་ཆེན་སྟེང་བསྐྱོད་པ། འགྱུར་ལྡོག་ལ་ལྟ་བ། ཐོག་མའི་བསམ་འདུན་དྲན་པ། སློབ་གསོ་མྱོང་བ་བཅས་བྱས་ནས་བརྗོད་དོན་སློབ་གསོའི་ཡིད་དབང་འགུག་ནུས་དང་ཡིད་འཕྲོག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་གསལ་བཤད་དང་འགན་འཁྲི་ལག་ལེན་བསྟར་བའི་ས་བོན་པད་མ་རྫོང་དུ་རྩ་བ་ཚུགས་ནས་མེ་ཏོག་བཞད་ཐུབ་པ་བྱེད་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། པད་མ་རྫོང་གིས་ཚད་གཞི་མཐོ་བའི་ཏང་གི་སློབ་གསོའི་རྟེན་གཞི་བསྐྲུན་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི”བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་བའི་ལག་ལེན་གྱི་གཞི་རྟེན་དུ་བརྩིས་ནས་གསར་བརྗེའི་སློབ་གསོའི་ལྟེ་གནས་དང་། “ཚོན་མདོག་གསུམ”གྱི་རིག་གནས་ཐོན་ལས་གླིང་། གསར་བརྗེའི་གློག་བརྙན་ཁང་། རྒྱང་སྐྱོད་སྙིང་སྟོབས་རིག་གནས་ལོ་རྒྱུས་ཁང་སོགས་རྨང་གཞིའི་སློབ་ཁྲིད་སྒྲིག་བཀོད་ལ་བརྟེན་ནས་སློབ་ཁྲིད་དང་། ལྟ་སྐོར། ཟས་སྡོད་བཅས་འཛོམས་པའི་གསར་བརྗེའི་སློབ་གསོའི་ཡན་ལག་ལྡན་པ་དང་། ཏང་གི་སློབ་གྲྭས་གཅིག་སྡུད་སློབ་གསོ་དང་། རྒྱང་སྐྱོད་དྲན་གསོ་ཁང་ལ་གཟིགས་སྐོར། དམར་དམག་གི་རྗེས་ཤུལ་བསྐྱར་དུ་བགྲོད་པ། ཆེད་དོན་ཏང་གི་སློབ་ཚན་ཉན་པ། གསར་བརྗེའི་གླུ་གཞས་སྐད་གསང་མཐོན་པོས་ལེན་པ། ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་པ། མཉམ་སྡེབ་རྒྱ་སྐྱེད་སྦྱོང་བརྡར་སོགས་ལྷུ་ཚིགས་མང་པོ་བརྒྱུད་བརྗོད་དོན་སློབ་གསོར་ཐོན་ཁུངས་གསར་པ་བསྣན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།