གུང་ཧོ་རྫོང་གིས་སྐོར་ཐེངས་དང་པོའི་གནད་འཁེལ་དབུལ་འགོག་གི་མ་དངུལ་འགྲེམ་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས19ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་སྐོར་ཐེངས་དང་པོའི་གནད་འཁེལ་དབུལ་འགོག་གི་མ་དངུལ་འགྲེམ་གཏོང་བྱེད་པའི་མཛད་སྒོ་འཚོགས་ཤིང་། རྫོང་ཡོངས་ཀྱི་དབུལ་པོའི་མཐའ་མཚམས་སུ་གནས་པའི་རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁག་དང་པོ(བསྡུས་ན“དབུལ་པོ་མིན་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང”ཟེར)དང་མི་རེའི་ཆ་སྙོམས་ཡོང་འབབ་བརྟན་པོ་མེད་པའི་དབུལ་སྒྲོལ་ཁྱིམ་ཚང(བསྡུས་ན“ཚད་མཐོ་བ་མ་ཡིན་པའི་དབུལ་སྒྲོལ་ཁྱིམ་ཚང”ཟེར)6ལ་གནད་འཁེལ་དབུལ་འགོག་མ་དངུལ་སྒོར་ཁྲི10.59གནང་བ་རེད། 

ད་ལོའི་ཟླ7པར། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སི་དང་མཚོ་ལྷོ་ཁུལ་སྲིད་གཞུང་གཉིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་འབྲེལ། ཁུལ་གཏོགས་རྫོང་སྲིད་གཞུང་ལྔ་དང“གནད་འཁེལ་དབུལ་འགོག་འགན་བཅོལ”སྒྲོམ་གཞིའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ནས། “མངོན་མིན་གཉིས”ཀྱི་ཁྱིམ་ཚང་ལ་གནད་འཁེལ་དབུལ་འགོག་འགན་བཅོལ་བཙུགས་ཏེ་ནད་དང་། སློབ་ཡོན། གནོད་འཚེ་བཅས་ཀྱི་རྐྱེན་པས་དབུལ་པོར་གྱུར་པའམ་དབུལ་པོར་བསྐྱར་ལོག་གི་འགག་རྩའི་རྒྱུ་རྐྱེན་ཆེན་པོ་གསུམ་ལ་དམིགས་ཏེ། ཁོ་ཚོར་དེ་མཚུངས་ཀྱི་འགན་བཅོལ་འགན་ལེན་བྱས་པ་རེད།

ཀུང་སིས་ཞིབ་དཔྱད་བརྒྱུད། སྐོར་ཐེངས་དང་པོར་སྐྱིན་ཚབ་འཇལ་བའི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང6གཏན་འཁེལ་བྱས་པ་རེད། གུང་ཧོ་རྫོང་ཐེ་ཀེ་ཞང་ཐོ་ལེ་ཐེ་གྲོང་ཚོའི་གྲོང་མི་ཞུང་ཡིའུ་ཕིང་ནི་དབུལ་པོ་མིན་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁོངས་སུ་གཏོགས་པ་དང་། ཁྱོ་གར་གློ་སྐྲན་བྱུང་བའི་རྐྱེན་གྱིས2018ལོར་སྨན་བཅོས་ཐད་འགྲོ་གྲོན་སྒོར་ཁྲི23ལྷག་ཙམ་སོང་བ་དང་། གཞུང་ལ་རྩིས་ཞུ་བྱས་ན་ཡང་ད་དུང་རང་གིས་སྒོར་ཁྲི10ལྷག་ཙམ་གཏོང་དགོས། དེ་རིང་མོ་ཚང་ལ་སྒོར་ཁྲི5.3གྱི་སྐྱིན་ཚབ་ཐོབ་པས་མོ་ཚང་གི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།