རིག་གནས་དངོས་བཤུས་གློག་བརྙན་ཆེན་མོ《མཚོ་ཆེན·མཚོ་སྔོན》ཞེས་པའི་སྨྱན་སྦྱོར་མཇལ་འཕྲད་ཚོགས་འདུ་དང་མཚོ་སྔོན་རླུང་བརྙན་འཕྲིན་ལས་ཁུངས་སུ་ཐོག་མར་གཟུགས་འབུལ་གནང་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན་རིག་གནས་དངོས་བཤུས་གློག་བརྙན་ཆེན་མོ《མཚོ་ཆེན·མཚོ་སྔོན》ཞེས་པའི་སྨྱན་སྦྱོར་མཇལ་འཕྲད་ཚོགས་འདུ་དང་མཚོ་སྔོན་རླུང་བརྙན་འཕྲིན་ལས་ཁུངས་སུ་ཐོག་མར་གཟུགས་འབུལ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞིས་མེན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་ཤིས་ཚིག་གནང་བ་རེད།

ཀྲང་ཞིས་མེན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་《མཚོ་ཆེན·མཚོ་སྔོན》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་བཤུས་འཕྲིན་ལམ་ནས་གྲུབ་འབྲས་དང་རྒྱལ་ཁའི་ངང་གཟིགས་འབུལ་གནང་བ་དང་། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ཐོག་མར་གཟིགས་འབུལ་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། གཙོ་གཏོད་ཚོགས་པས་དཀའ་སྤྱད་འབད་བརྩོན་བྱས་པ་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མཚོ་སྔོན་པོ་ཀྲུང་གོའི་མཚོ་ཆེ་ཤོས་ལྔ་ཡི་ཨང་དང་པོ་ཡིན་པ་དང་། མཐོ་སྒང་གི་སྐྱེ་ཁམས་དོ་སྙོམས་ཡོང་བར་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ནས་མཐོ་སྒང་མི་དམངས་ཀྱི་སེམས་པ་སྲུང་སྐྱོང་བྱེད་ཀྱི་ཡོད། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས་མཚོ་སྔོན་པོའི“ཆེ་བ་དང་། མཛེས་པ། གཙང་བ། ལེགས་པ”བཅས་ནི་མཚོ་སྔོན་གྱིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལྷག་བསམ་རྣམ་དག་ངང་ལག་ལེན་དུ་བསྟར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་མངོན་སྟངས་ཞིག་རེད་ཅེས་གསུངས།

ཀྲང་ཞིས་མེན་གྱིས་《མཚོ་ཆེན·མཚོ་སྔོན》ཞེས་པའི་མུ་འབྲེལ་དངོས་བཤུས་གློག་བརྙན་ལས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་ལག་ལེན་གྱི་ཕན་འབྲས་མངོན་པ་དང་ཆབས་ཅིག    མཚོ་སྔོན་གྱིས“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་པ་དང“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”བསམ་བློའི་རླབས་ཆེན་སྟོབས་ཤུགས་ལ་སྔར་བས་གཏིང་ཟབ་པའི་མྱོང་ཚོར་ཐོབ་ཡོད། གསར་འགྱུར་ལས་དོན་པ་དང་རིག་རྩལ་ལས་དོན་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས“ནུས་པ་བཞི”སྦྱོང་བ་དང་སྤྱོད་ཚུལ་ལེགས་སུ་བཏང་སྟེ། སྨྱུག་རྩེ་དང་པར་མིག་རྒྱ་ཆེའི་མང་ཚོགས་དང་མཛེས་སྡུག་ལྡན་པའི་རི་ཀླུང་ལ་གཏད་ནས། མཚོ་སྔོན་གྱི་སྙིང་སྟོབས་དར་སྤེལ་དང་། མཚོ་སྔོན་གྱི་གཟུགས་བརྙན་མངོན་པ། མཚོ་སྔོན་གྱི་འཕེལ་རྒྱས་གསལ་འགྲེལ་བྱེད་པ་བཅས་ཧུར་ཐག་གིས་སྔར་བས་མང་དུ་བཏང་ནས་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱས་ཏེ། མཚོ་སྔོན་གྱི་གསོན་ཉམས་དོད་པའི་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།