ཧི་ནན་རྫོང་གིས་དག་ཐེར་ལེགས་བཅོས་བཟང་བོ་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། རྨ་ལྷོ་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྩ་བའི་ལས་འགན་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་དེ་ཚད་གཞི་རུ་བྱས་ཏེ། བཅོས་བསྒྱུར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་པ་དང་། དག་ཐེར་ལེགས་བཅོས་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནས་བློ་འདོན་ཇུས་འགོད་བྱས།

རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་དམིགས་འབེན་བཞི་སྣེ་ཁྲིད་དུ་བྱས་པ་དང་། འགན་འཁྲི་ལས་འགན་དང་ཟུང་འབྲེལ་བྱས་པ། དྲོད་འདོན་དང་གཟན་རྩྭ་ཉར་གསོག་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱས་པའི་གནད་དོན་གལ་ཆེན་དང་དཀའ་གནད་ལ་དམིགས་ནས། རང་འགུལ་གྱིས་ཐབས་འདོན་ཇུས་འགོད་བྱས་པ་དང་། བརྗེ་རེས་མཐུན་སྦྱོར་བྱས་ལ། རྫོང་གི་ཁྲུའུ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉེར་བརྒྱད་ཀྱིས་གཞི་རིམ་གྱི་འབྲེལ་འདྲིས་བྱེད་ས་དོན་དགུ་བཙུགས་པ་དང་། རང་འགུལ་གྱིས་འབྲེལ་འདྲིས་བྱེད་ས་རུ་སོང་ནས་ལྟ་སྐུལ་མཛུབ་སྟོན་ཐེངས་ང་གཅིག་བྱས་ནས། དངོས་ཡོད་གནད་དོན་སོ་ལྔ་ཐག་བཅད་པ་དང་། རྟོག་ཞིབ་ཚན་ཆུང་དོན་གཉིས་ཀྱིས་རྟོག་ཞིབ་ཁྲོད་རྙེད་པའི་གནད་དོན་ཐད་ནས་ཡུལ་དངོས་ཐག་གཅོད་བྱས་པ་དང་ཡུལ་དངོས་ནས་ཕྱིར་ལན་བཏབ་ལ། དོགས་གནད་ཐད་ནས་ཆེད་བསྐོས་འགོ་ཁྲིད་ཀྱིས་འགོ་ཁྲིད་བྱ་བ་ལག་བསྟར་བྱས་པ་དང་མཐུན་སྦྱོར་ཐག་གཅོད་བྱས་ནས། མང་ཚོགས་ལ་རོགས་བྱས་ནས་དངོས་ཡོད་དཀའ་ཁག་ཐག་བཅད།

རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཆེད་སྤྱོད་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་དྲུག་ལས་བྱེད་པ་བརྒྱ་དང་བརྒྱད་ཅུ་ལ་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད་དེ། མང་ཚོགས་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་རྒྱ་སྐྱེད། རྫོང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡིས་བཟོ་སྐྲུན་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས། དུས་ཐོག་ཏུ་དྲོད་འདོན་སྦུག་ལམ་གྱི་་བྱེ་འདམ་ཟེགས་གཙང་དག་བྱས་པ་དང་སྦུག་ལམ་རྙིང་བ་བརྗེ་སྤོར་བྱས་པ་དང་། དྲོད་འདོན་གྱི་རིམ་སྤོར་བསྒྱུར་བཀོད་ཡོངས་འགྲུབ་བྱས་པ་མ་ཟད་ལག་བསྟར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།