ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་ཁྲིད།

res04_attpic_brief.jpg

གསོ་སྦྱོང་ཡུལ་དངོས།

binary_middle.jpg

གསོ་སྦྱོང་ཡུལ་དངོས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས16ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་ཀེ་ཤང་ཧོ་ལེ་དགོན་སྡེ་བའི་རིག་གནས་བྱེད་སྒོ་ཁང་དུ་རྨ་ལྷོ་ཐན་ཧྭ་ལས་རིགས་གསོ་སྦྱོང་སློབ་གྲྭའི་དགེ་རྒན་གྱིས་དབུལ་ཕོངས་དུད་ཁྱིམ་ཚོར་ལག་རྩལ་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད། སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་གིས་གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་དང་རྨ་ལྷོ་ཐན་ཧྭ་ལས་རིགས་གསོ་སྦྱོང་སློབ་གྲྭས་མཉམ་དུ་གཉེར་བའི2019ལོའི“སྦྲང་ཆར་འཆར་གཞིའི”གྱོན་ཆས་ལས་སྣོན་གསོ་སྦྱོང་འཛིན་གྲྭ་སྡེ་བའི་ནང་དངོས་སུ་སློབ་འགོ་ཚུགས་པ་དང་། གསོ་སྦྱོང་དུས་ཡུན་ཉིན20ཡས་མས་རིང་ལ། དགེ་རྒན་ཚོས་སྡེ་བའི་དབུལ་ཕོངས་དུད་ཁྱིམ45ལ་གྱོན་ཆས་ལས་སྣོན་དང་། བདེ་འཇགས་ཐོན་སྐྱེད་དོ་དམ་ཤེས་བྱ། འཚེམ་འཁོར་བཀོལ་སྤྱོད་རྩ་གནད་ཐད་ཀྱི་འགྲེལ་བཤད་དང་ལག་ལེན་སྦྱོང་བརྡར་བྱས་ཏེ། དབུལ་ཕོངས་དུད་ཁྱིམ་རྣམས་ལག་རྩལ་ཤེས་པ་དང་། ནུས་རྩལ་ལྡན་པ། ལས་གནས་ཐོག་སྐྱོད་ཐུབ་པ་བཅས་ཀྱི་ལག་རྩལ་བཟོ་པར་འགྱུར་བར་སྐུལ་འདེད་བྱེད་ངེས། ཤེས་གསལ་བྱུང་བ་ལྟར་ན།  གུང་ཧོ་རྫོང་གིས་གསོ་སྦྱོང་དང་ལས་ཞུགས་ལས་གཏོད་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་མངགས་ཐོ་རྣམ་པའི་གསོ་སྦྱོང་། ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་། ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་བཅས་སྟོབས་ཤུགས་ཡོད་ཚད་ཕུལ་ནས་དབུལ་ཕོངས་དུད་ཁྱིམ་ཚོར་དབུལ་ཐར་ཕྱུག་འགྱུར་གྱི་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད། སྔར་ལས་ལྷག་པར་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་དང་། ཡོང་སྒོ་ཇེ་མང་དུ་གཏོང་བའི་བགྲོད་ལམ་ཇེ་ཡངས་སུ་བཏང་།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།