ཝང་ཀྲིན་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འགྲོས་དང་བསྟུན་ནས། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོའི་ཐད་རིམ་པ་མང་བ་དང་ཁྱབ་ཁོངས་མང་བ། རང་གཤིས་ཅན་བཅས་ཀྱི་ཁྱད་ཆོས་མངོན་ཡོད། བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་ཉིན་བཞིན་ཆེ་རུ་འགྲོ་བའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་རྒྱུར་དམིགས་ཏེ། རིམ་པ་མང་བ་དང་སྨྱན་སྦྱོར་མང་བའི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་སྟེགས་བུ་ཧུར་ཐག་སྒོས་བསྐྲུན་ནས། སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མཁོ་སྤྲོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པར་བྱེད་པ་དང་སྟབས་བདེ་ནུས་ཆེ། ཀུན་ཕན་དོ་སྙོམས་སོགས་ཡོང་བར་བྱེད་དགོས་པའི་བླང་བྱ་མངོན་གསལ་བཏོན་ཡོད། གཞི་གཅིག་ཅན་དང་རིག་ནུས་ཅན་གྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་ཆེན་པོ་རྒྱག་རྒྱུ་དང་། ཞབས་ཞུའི་ཐོན་ཁུངས་སྡེབ་སྒྲིག་དང་ཞབས་ཞུའི་རྣམ་པ་གསར་གཏོད། དྲ་ཐོག་དང་དྲ་འོག་གཞི་གཅིག་ཅན་གྱི་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྟོབས་ཤུགས་དང་གཙོ་གནད་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དང་གཙོ་གནད་ས་ཁུལ་ལ་དམ་པོར་དམིགས་ཏེ། ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་དང་ས་ཁོངས་དབར། མི་ཚོགས་དབར་བཅས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུ་ཀུན་ཕན་ཅན་དང་ཆ་སྙོམས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་འགན་འཁྲི་ཇེ་དམ་དུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ་ལ་མུ་མཐུད་དུ་སྐུལ་འདེད་བཏང་མཐར། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས་ཟེར།  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།