ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཚོགས་པའི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཚོགས་པའི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་དང་བཞུགས་མོལ་བྱས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཆོས་ལུགས་ཚོགས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་བྱས་རྗེས་བཞག་པའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད། ཆོས་ལུགས་ཚོགས་པའི་འཛུགས་སྐྲུན་ཐད་ཤུགས་སྣོན་པའི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གཉིས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ལ་ཁོ་ཚང་དང་། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཡེའུ་ཞང་། ཞིང་ཆེན་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལཱ་ཙོང་ཅིན། ཞིང་ཆེན་ཡེ་ཤུའི་ཆོས་ལུགས་སན་ཙི་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་གཉིས་ཀྱི་ཚོགས་གཙོ་ཐུང་ཕེན་ཨན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ཆོས་ལུགས་བྱ་བར་ལྟ་སྟངས་འཛིན་དགོས། ཆོས་ལུགས་དང་ཆབ་སྲིད་ནི་ཕན་ཚུན་འབྲེལ་བ་ཡོད་ལ། ཀྲུང་གོ་རུ་ཆོས་ལུགས་བྱ་བའི་ཐད་ནས་ཆབ་སྲིད་གླེང་བ་དང་། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་དེ། དད་ལྡན་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། གཅིག་ནས་རྒྱལ་གཅེས་ཆོས་གཅེས་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས། གསུམ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚགས་དང་མཐུན་པར་བྱེད་དགོས། བཞི་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་དགོས། ལྔ་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཟེར།

ལིག་ཉིང་གིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ཆོས་ལུགས་ཚོགས་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས། སྒྲིག་སྲོལ་ལྟར་བྱ་བ་སྣ་ཚོགས་སྤེལ་དགོས། ཆོས་ལུགས་ཚོགས་པའི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གསུང་རབ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་དང་། ཤེས་རྒྱ་ཇེ་ཆེར་གཏོང་བ། སློབ་སྦྱོང་ལ་ཤུགས་སྣོན་པ། ཚུལ་ཁྲིམས་སྲུང་ནས། མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རང་འགུལ་གྱིས་དགེ་སྤེལ་སྐྱོན་སྤོང་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ། དབུལ་ཐར་མཁྲེགས་གཏོར་སོགས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། རྒྱ་ཆེའི་ཆོས་ལུགས་བྱ་བ་སྒྲུབ་མཁན་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།