མཚོ་སྔོན་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་པ2དང་སྔོན་ཐོན་མི་སྒེར3ལ་གཟེངས་བསྟོད་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟླ་12ཚེས་16ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་པ150དང་སྔོན་ཐོན་མི་སྒེར450ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་ཚོགས་པ2དང་སྔོན་ཐོན་མི་སྒེར་3ལ་གཟེངས་བསྟོད་བྱས་པ་རེད།

ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡོད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐབས་སུ་སྔོན་ཐོན་ལ་གཟེངས་བསྟོད་དང་སྲོལ་བཟང་དར་སྤེལ་བཏང་ནས་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་ཆེད་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཚོགས་པ150ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་པའི”མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པ450ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞའོ་ཆའོ་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཏང་ཀྲི་པུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཟི་ལིང་གྲོང་ཁྱེར་གུང་ཧི་ལམ་གྱི་ཏང་ཀྲི་པུའུ་གཉིས“རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་ཚོགས་པར”བདམས་པ་དང་། ལིའུ་ཡུང་ཧྥུའུ་དང་དཔའ་ཆེན། རེན་ཆན་ཧྲུན་བཅས་ལ“རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།