མཚོ་ལྷོ་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་མང་ཚོགས་ལ་ཞབས་ཕྱི་བཟང་བོ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།   མཚོ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཐོག་མའི་བསམ་འདུན་དང་འགན་འཁྲི་གཉིས་ཀ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཁྲོད་འདྲེས་པར་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཡོད་པ་དང་ཆེས་སེམས་ཁུར་བྱེད་པའི་བྱེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམིགས་ནས་དོན་དངོས་ཀྱིུ་ཕན་འབྲས་ཐོབ།

བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ།  མཚོ་ལྷོ་ཁུལ་གྱིས་འདྲི་རྩད་རྟོག་ཞིབ་ཁྲོད་རྙེད་པའི་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས་འགྲོ་ལུགས་མང་བ་དང་ཞིབ་བཤེར་ཆོག་མཆན་གྱི་དུས་ཡུན་རིང་བ་སོགས་གནད་དོན་ལ་དམིགས་ཏེ་ནུས་ཡོད་བྱེད་ཐབས་སྤྱད་ནས་མང་ཚོགས་ལ་སྟབས་བདེ་མང་པོ་བསྐྲུན་པ་དང་།   མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གཞུང་ལམ་དང་མི་ཕྱུགས་ཀྱི་འཐུང་ཆུ།    འཕྲིན་གཏོང་སོགས་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་དང་ཐོབ་ཚོར་ཇེ་དྲག་ཏུ་བཏང་།

མཚོ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་དམ་དུ་དམིགས་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་བ་དང་།  དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དོན་དག་ཆུང་ཆུང་ནས་མགོ་བརྩམས་པ་དང་།   མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་ནུས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཟབ་ནན་གྱིས་སྤེལ་བ་དང་།   སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་འགྱུར་ལྡོག་གསར་པ་དང་སྣང་ཚུལ་གསར་པ་ཡོད་པར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།