མཚོ་སྔོན་རྩོམ་རིག་གཟའ་འཁོར་སྐབས་བཅུ་བ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“དུས་རབས་ཀྱི་ལས་འགན་དང་རྩོམ་རིག་གི་འགན་འཁྲི”ཞེས་པའི་མཚོ་སྔོན་རྩོམ་རིག་གཟའ་འཁོར་སྐབས་བཅུ་བ་དེ་ཟི་ལིང་དུ་འཚོགས། 

མཚོ་སྔོན་རྩོམ་རིག་གཟའ་འཁོར་ནི་མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་སྤེལ་བཞིན་པའི་རྩོམ་རིག་ཚོགས་འདུ་གཟབ་རྒྱས་ཤིག་ཡིན། སྐབས་འདིའི་རྩོམ་རིག་གཟའ་འཁོར་རིང་། 《མཚོ་སྔོན་གྱི་གདོད་མའི་མི་རིགས་སོ་སོའི་གསུང་རབ་ཟིན་ཐོ་དཔེ་ཚོགས》ཐོག་མར་འགྲེམས་སྤེལ་བྱས་ལ། མཚོ་སྔོན་གྱིས“ཀྲུང་གོའི་ཕུགས་འདུན་དང་མཚོ་སྔོན་གྱི་བརྩེ་སེམས་སྟེ་ང་དང་ང་ཡི་མེས་རྒྱལ”ཞེས་པའི་སྙན་ངག་འགྲན་ཆེན་དུ་བྱ་དགའ་ཐོབ་པའི་རྩོམ་པ་པོར་བྱ་དགའ་གནང་ཞིང་། ཞིང་ཆེན་ཡོངས་ཀྱི་ས་ལཱར་རིགས་ཀྱི་རྩོམ་རིག་གསར་རྩོམ་ཚོགས་འདུ་སྐབས་ལྔ་པ་འཚོགས་པར་མ་ཟད། “དུས་རབས་ཀྱི་ལས་འགན་དང་རྩོམ་རིག་གི་འགན་འཁྲི་”བརྗོད་བྱར་བྱས་པའི་2019ལོའི་མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ་སོགས་རྩོམ་རིག་བྱེད་སྒོ་རབ་དང་རིམ་པ་སྤེལ། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་ཡོངས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་འཁོར་གྱི་གཙོ་གནད་ལས་དོན་ལ་ཕྱོགས་སྡོམ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་བཏོད་དེ་རྩོམ་པ་པོས་མི་དམངས་ལྟེ་བར་བྱེད་པའི་གསར་གཏོད་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་འཚོ་བ་དང་མི་དམངས་ཀྱི་རྫོངས་མཐུག་ས་དང་གཏིང་ཟབ་སར་ཕྱིན་ཏེ་བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་སྤྱོད་དྲིལ་བསྒྲགས་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། 

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། དེ་བཞིན་རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས། ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཡོད། རྩོམ་རིག་གི་མཐོང་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཕྱི་བྱེད་པ། དུས་རབས་དང་བསྟུན་ནས་བློ་རྩེ་གཅིག་སྒྲིམ་སྒོས་གསར་རྩོམ་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་བཤད་རྒྱུར། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྩོམ་རིག་སྒྱུ་རྩལ་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་མཚོ་སྔོན་གྱི་རྩོམ་རིག་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་དང་ཞན་ཆ་འཚོལ་ཞིབ་དང་ཁ་གསབ་ཧུར་ཐག་བྱས་ནས་བློ་སྟོབས་ལྡན་པ་དང་ཀུན་སྤྱོད་བཟང་བ། བརྩེ་སེམས་ལྡན་པའི་ཕུལ་བྱུང་བརྩམས་ཆོས་ཟམ་མི་ཆད་པར་གསར་རྩོམ་བྱས་ཏེ། མཚོ་སྔོན་གྱི་རྩོམ་རིག་གི་སྤྱི་ཚོགས་ཧྲིལ་པོའི་ཁྲོད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་ཡིན་ཟེར། །  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།