ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན་ནས་ཚེས10ཉིན་བར་ཞིང་ཆེན་ཡོངས་ཀྱི་གཞུང་ལས་པའི་གླ་ཕོགས་ལས་སྒོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་ཀྱིས་གཉེར་བ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་ཁག་གི་རྩ་འཛུགས་མི་དོན་སྡེ་ཁག་བཅས་ཀྱི་ལས་སྒོའི་རྐང་འཛིན་པ62གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
གསོ་སྦྱོང་སྐབས་ཆེད་མཁས་པའི་སློབ་ཁྲིད་དང་། བརྗོད་དོན་གཙོ་བོའི་བགྲོ་གླེང་། གྱོད་དོན་དབྱེ་ཞིབ། ཡུལ་དངོས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《གཞུང་ཞབས་པའི་བཅའ་ཁྲིམས》དང་། གཞུང་ཞབས་པའི་སྒྱུར་བཅོས་དང་གསར་གཏོད། གཞུང་ཞབས་པའི་ལས་རྗེས་དོ་དམ། གཞུང་ཞབས་པའི་གླ་ཕོགས་ལས་དོན་གྱི་ཉམས་མྱོང་མཉམ་སྤྱོད་སོགས་ཆེད་དོན10གཙོ་གནད་དུ་བཟུང་ནས་འཆད་ཁྲིད་བྱས་པ་དང་། ཀུའུ་ཐེན་ཚོགས་འདུ་འཚོགས་ཡུལ་དང་། ཧྥུའུ་ཅན་ཞིང་ཆེན་ལོ་རྒྱུས་རྟེན་རྫས་བཤམས་སྟོན་ཁང་། ལིན་ཙེ་ཞུས་དྲན་གསོ་ཁང་བཅས་སུ་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
གསོ་སྦྱོང་སྐབས་སུ་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གཞུང་ལས་པའི་གོ་གནས་དང་འགན་རིམ་ལམ་ལུགས་ཀྱི་འགན་རིམ་གླ་ཕོགས་སྲིད་ཇུས། གཞུང་ལས་པའི་གླ་ཕོགས་སྡེབ་སྤྲོད་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། གཞུང་ལས་པའི་གླ་ཕོགས་འདུན་ཞུའི་བཀོལ་སྤྱོད་བརྒྱུད་རིམ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད། སློབ་མ་ཚོས་ཡོངས་ཁྱབ་ངང་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཚོད་ཐུང་རུང་ནང་དོན་ཕུན་སུམ་ཚོགས་པ་དང་། སློབ་ཚན་ཚགས་དམ་ཤིང་ཕུན་སུམ་ཚོགས་ལ་དངོས་སྤྱོད་རང་བཞིན་ཆེ་བ་དང་། སྲིད་ཇུས་ངོས་ཐད་ནས་སློབ་ཁྲིད་བྱས་ཡོད་པ་མ་ཟད། བཀོལ་སྤྱོད་ངོས་ཐད་ཀྱི་མཛུབ་ཁྲིད་ཀྱང་ཆེས་ཆེར་ལྡན་ཡོད་པས། དུས་སྐབས་གསར་པའི་གཞུང་ལས་པའི་གླ་ཕོགས་དོ་དམ་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་ཆེ་རུ་བསྐྱེད་ཡོད་ཅེས་བཤད། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆེད་ལས་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། ཧུར་བརྩོན་དང་རང་འགུལ་ངང་བྱས་རྗེས་འཇོག་པ། སྔར་ལས་ལྷག་པའི་སྤྲོ་སེམས་འཁོལ་བའི་ངང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས་གཞུང་ལས་པའི་གླ་ཕོགས་ལས་སྒོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ།