མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་ནག་སེལ་ངན་འཇོམས་ཀྱི་འཛོག་བརྡུང་ཚ་ནན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཙོ་གནད་ཁྱབ་ཁོངས་བཏད་ནས་ལས་འགན་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ། ཕྱོགས་བསྡུས་བཅོས་སྒྲིག་དང་ཞིབ་ཕྲ་ཞིབ་ཚགས་ལ་དམ་འཛིན་ནན་མོ་བྱས་པ་བརྒྱུད་ཆེད་དོན་འཐབ་རྩོད་གཏིང་ཟབ་དང་ཕྱོགས་ཡོངས་སུ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

མང་ཚོགས་ཀྱིས་འགྲོ་འདུག་སྐྱོད་གསུམ་དང་བཟའ་བཏུང་ལ་བློ་ཡིད་ཚིམ་པར་འགན་སྲུང་བྱ་ཆེད། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དམ་འཛིན་བྱེད་པ་དང་དུས་མཚུངས་སུ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་དམངས་འཚོའི་གླེང་མདོའི་གནད་དོན་ལ་གཞིགས་ཏེ། ཁྲོམ་རའི་བཀོད་སྒྲིག་གནས་བབ་གང་བྱུང་དུ་སྤྱད་དེ་སྒེར་སྡོམ་གཉེར་སྐྱོང་དང་། ཕྱི་ཕྱོགས་ཚོང་ཁང་གི་བཟའ་བཅའི་བདེ་འཇགས་སོགས་ཁྱབ་ཁོངས་དགུར་དམིགས་གསལ་གྱིས་བཅོས་སྒྲིག་བྱས། མི་གཞན་གྱི་ཚོང་རྟགས་རང་དགར་སྤྱོད་པའི་སྣུམ་སྣོན་ས་ཚིགས་ང་དགུ་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་། ཐོ་འགོད་རྫུས་མ་བཅུ་བཞིར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཚད་མི་ལོན་པའི་གློག་ཆས་སུམ་བརྒྱ་ཉི་ཤུ་ཕྱོགས་སྡུས་ཐོག་མེད་པར་བཟོས། གཞིས་ལས་ཀུང་སི་ལྔ་དང་འབར་རླངས་ཀུང་སི་གཅིག་གི་སྒྲིག་འགལ་དངུལ་བསྡུའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས། “གྱོད་གཞི་གཅིག་ལ་བཅོས་སྒྲིག་གཅིག”གི་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས་མི་མང་གི་དོ་ཁུར་ལ་གཞིགས་ནས་བཟའ་བཅའ་དང་། སྨན་རྫས། བཟའ་བཏུང་། བརྡ་ཁྱབ་སོགས་ཁྱབ་ཁོངས་ཀྱི་མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ལྡན་པའི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། ཚོང་རའི་ལྟ་སྐུལ་དོ་དམ་གྱིས་ཚོང་རར་ཞུགས་པ་དང་ཚོང་གཉེར། ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ལས་རིགས་ཀྱི་སྣང་ཚུལ་ངན་པ་གང་བྱུང་དུ་ཐོན་པར་སྔོན་འགོག་བྱེད་ཆེད་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་ཅིག་ཀྱང་དངོས་སུ་བཏོན་ཡོད། མིག་སྔར་བཟའ་བཅའ་བཟའ་བཏུང་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད། དམིགས་བསལ་སྒྲིག་ཆས། དྲ་རྒྱའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཐད《མཚོ་སྔོན་ཞིང་ཆེན་གྱི་བཟའ་བཏུང་ཆུང་གྲས་ཐོ་འགོད་དང་ལྟ་སྐུལ་དོ་དམ་བྱ་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་སྒྲིག་ཆས་ཀྱི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་ཀའི་གཏན་འབེབས》《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞིས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་ཀྲུང་ལུགས་སྨན་རྫས་སྦྱོར་བཟོ་བྱེད་པའི་མི་རིགས་ཀྱི་སྨན་རྫས་དོ་དམ་ལག་བསྟར་ཞིབ་སྲོལ》སོགས་བྱེད་ཐབས་མང་པོ་ཆགས་ཡོད། སྣེ་ཁྲིད་སྒོས་ཟས་རིགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་ཟས་རིགས་ཐོན་སྐྱེད་ལས་སྣོན་གྱི་བཟོ་ཁང་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་རིང་གི་བྱ་འགུལ་སྤེལ་ཡོད་ལ། ལས་རིགས་ཁྱབ་ཁོངས་ཀྱི་ཁྲོམ་རའི་རྣམ་པ་ངན་པ་ཁག་གཅིག་བཅོས་སྒྲིག་བྱས་པ་བརྒྱུད་ལས་རིགས་ཁག་གཅིག་གི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བཏང་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ཡོད།  

རྗེས་མར། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་མུ་མཐུད་དུ་རྗེས་འདེད་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ནག་ཚོགས་དང་། ངན་ཁག  འཁྲིག་ཅན་བཅས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་རྒྱུན་མཐུད་གྲལ་བཤེར་བྱས་ནས་བཅོས་སྒྲིག་གི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། རྡུང་རྡེག་དང་། བཅོས་སྒྲིག དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ནག་སེལ་ངན་འཇོམས་དང་སྤྱོད་ངན་གཙང་སེལ་ལ་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།