མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་སྨན་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གིས་སྨན་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་རྟེན་འབྲེལ་ཞུ་ཡིག་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀའོ་ཧྭ་དང་ཧྲིན་ཀྲངགཞོན་པ་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཞུགས།

ཝང་ཅན་ཅུན་དང་ལིག་ཉིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྨན་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་ཏེ། སྨན་ཁང་ཡོངས་ཀྱི་སྨན་པ་དང་ལས་བཟོ་བ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ལོ་ངོ་དྲུག་ཅུའི་རིང་ལ་སྨན་ཁང་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག་ཏུ། སྨན་ཁང་ཡོངས་ཀྱི་སྨན་པ་དང་ལས་བྱེད་པ་རྒན་གྲས་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚེ་སྲོག་ལ་གོང་བཀུར་དང་སྲོག་སྐྱོབ་རྨས་སྐྱོར་ལ་ཤུགས་སྣོན།  ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་བར་འབད་འབུངས།  བྱམས་སེམས་མཐའ་ཡས་བཅས་ཀྱི་ལས་རིགས་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྨན་པའི་བྱམས་སེམས་དང་ཚེ་སྲོག་གི་སྐད་ཆར་གཅེས་སྦྲས་བྱས་ནས། སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་ལས་གཞན། ལས་བཟོ་བ་གསར་རྙིང་ཚང་མས་ཀུན་སྤྱོད་བཟང་ཞིང་ལས་དོན་ལ་སྐུལ་འདེད་གཏོང་བ། རང་གི་འཇོན་ཐང་སྔར་ལས་ཆེ་རུ་གཏོང་བ། མིག་རྒྱང་རིང་བ་བཅས་ཀྱི་ཁྱད་ཆོས་ལྟར་སྨན་ཁང་གཉེར་བའི་འདུ་ཤེས་རང་རྟོགས་ངང་ལག་ལེན་དུ་བསྟར་ནས། སྨན་ཁང་འཕེལ་རྒྱས་དང་སྨན་བཅོས་ལས་དོན་ཡར་རྒྱས་ཡོང་བར་ཞབས་འདེགས་ནུས་ལྡན་ཞུས་ཡོད། རེ་བ་ཡིན་ན། སློབ་གླིང་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ནས། ནུབ་བྱང་ས་ཁུལ་གྱི་རྩེ་གྲ་དང་རྒྱལ་ནང་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་དེང་རབས་ཅན་གྱི་སློབ་ཁྲིད་སྨན་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་གཟས་ཏེ། སྨན་ཁང་གི་ཚན་ཁག་འཛུགས་སྐྱོང་ཡག་པོ་བྱེད་པ་དང་། ཚན་ཁག་དང་སྨན་པ་གྲགས་ཅན་གསོ་སྐྱོང་ཡག་པོ་བྱེད་པ། སྨན་ཁང་ཡོངས་ཀྱི་ལས་བཟོ་བར་སེམས་ཁུར་ཡག་པོ་བྱེད་པ་བཅས་ཀྱི་ལས་དོན་བཟང་བོར་བསྒྲུབ་དགོས།  དོ་དམ་དང་ཞབས་ཞུ། སྨན་བཅོས་ལག་རྩལ། སྤུས་ལེགས་ཀྱི་ནད་གཡོག་བཅས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་བྱ་བར་འགན་ལེན་ཁག་ཐེག་བྱས་ཏེ། སྨན་ཁང་འཕེལ་རྒྱས་སྔར་ལས་ཡག་པོ་ཡོང་བ་དང་བདེ་ཐང་མཚོ་སྔོན་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། འདས་པའི་ལོ་ངོ་དྲུག་ཅུའི་རིང་ལ།  སྨན་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་དང་རིམ་པ་མཐོ་བའི་གསོ་རིག་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དེ་རང་འགན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚེ་སྲོག་ལ་དམིགས་འཛུགས་རྒྱུ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ། འཚོལ་ཞིབ་གསར་གཏོད་དམིགས་ཡུལ་དུ་འཛིན་པ། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ། འབད་འབུངས་མདུན་སྐྱོད་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། སྨན་བཅོས་དང་སློབ་ཁྲིད། ཚན་ཞིབ། ལུས་གསོ། བདེ་སྲུང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་ཆེ་གྲས་ཤིག་དང་ནད་ཐོག་གསོ་རིག་གི་མཐོ་རིམ་སློབ་གླིང་ཞིག་ཏུ་འཕེལ་རྒྱས་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་གསོ་རིག་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་ཆེན་པོ་འཇོག་དགོས། རེ་བ་ཡིན་ན་ སྨན་ཁང་གིས་དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་སྔར་ལས་ལེགས་པའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་། མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སྤུས་ཚད་མཐོ་བའི་གསོ་རིག་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་བདེ་ཐང་གི་འགན་ལེན་སྲ་ཞིང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།