ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི2019ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་རུ་ཁག་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་གྱི2019ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་གཉེར། ཁག་ཁུར་ཕོད་པ། སྲིད་གཙང་སྤྱོད་བཟང་གི་ལས་བྱེད་པ་བཟང་བོའི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་གསུམ་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་ཏང་གི་ལས་བྱེད་པ་བཟང་བོ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་ཨུས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཆབ་སྲིད་གླེང་བ་དང་སྒྲིག་ལམ་བརྩི་སྲུང་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དཔེ་སྟོན་དང་མིག་དཔེ་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་རེ་བ་ལྟར་རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ། རིམ་པ་སོ་སོའི་ལས་བྱེད་པ་སྐྱེད་སྲིང་དང་འདེམས་བསྐོ བཀོལ་སྤྱོད། སྲུང་སྐྱོབ་བྱེད་པ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་གཏམ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་རྐང་འཛིན་པ་བྱེད་དགོས། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྤྱོད་གཙང་སྲོལ་བཟང་དང་རི་ལྗང་ཆུ་དྭངས་ཀྱི་ཆབ་སྲིད་སྐྱེ་ཁམས་བཟང་བོ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་གཙོ་བོར་དམིགས་ནས། གནས་བབ་གསར་བར་རྒྱས་ལོན་བྱེད་པ། འགྲན་རྩོད་གསར་བར་ཁ་གཏད་འཇལ་བ། ལྟ་སྐུལ་བྱ་བ་ཡོངས་ཀྱི་མདུན་དུ་འཇོག་པ། དུས་ཐོག་ཏུ་སྐྱོན་ཆ་འཚོལ་བ། སྔ་མོ་ནས་གསལ་འདེབས་བྱེད་པ། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་མི་སྐྱོབ་བྱེད་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། གཞན་ལ་ཕན་བཏགས་ནས། སྒྲིག་སྲོལ་ལྟར་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་དགོས། ཏང་ཡོན་ལས་བྱེད་པའི་སློབ་གསོ་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ལ་ཆད་གཅོད་ནན་མོ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཚོད་རྩིས་ཆེན་པོ་སྤྱད་དེ་ལས་བྱེད་པའི་ལས་འཛོལ་བྱུང་ཚད་ཇེ་ཉུང་དུ་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལས་བྱེད་པས་རང་གཅུན་འགན་འཁྲི་ལག་བསྟར་བྱེད་པ་དང་། ཉིན་རྒྱུན་དུ་ཏང་གི་སྒྲིག་ཡིག་དང་སྒྲིག་ལམ། སྒྲིག་སྲོལ་ལ་ཤན་སྦྱར་ནས་རང་ཉིད་ཀྱི་གཏམ་སྤྱོད་ལ་ལྟ་ཞིབ་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། རིག་ལམ་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་བླ་མེད་ཀྱི་གཟི་བརྗིད་དུ་བརྩིས་ནས། ཆབ་སྲིད་སྟེང་གི་བསམ་ཤེས་དང་བྱ་བའི་སྟེང་གི་བརྩོན་འགྲུས་ཅན། འཚོ་བའི་སྟེང་གི་བདེ་ཐང་གི་མི་ཞིག་བྱེད་པ་དང་། སེམས་བདེ་མོས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉའོ་ཁྲིན་ཡུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་མཚོ་ཤར་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།