གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ཚོགས་པ་ཡོངས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་དམ་འཛིན་བྱེད་པའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་གུང་གཞོན་ཚོགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཐད་ཀྱི་སྔོན་ཐོན་སྡེ་ཁག་ལ་བསྔགས་བརྗོད་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གུང་གཞོན་ཚོགས་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཐད་ཀྱི་དོན་སྙིང་གལ་ཆེན་དང་མདུན་དུ་ལྷགས་པའི་འགྲན་རྩོད་གོ་སྐབས་ཁོང་དུ་ཆུད་པར་བྱེད་པ་དང་། དྲང་ཕྱོགས་ཀྱི་དྲིལ་སྒྲོག་གཙོར་བྱེད་པ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་བ་དང་གུང་གཞོན་ཚོགས་པའི་ཚོགས་མི་ལ་སྣེ་ཁྲིད་སྐུལ་སློང་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། གཡུལ་སའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ན་གཞོན་ཚོའི་སློབ་སྦྱོང་དང་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། གཞུང་ལུགས་སྒྲོག་འགྲེལ་བྱ་བར་དམ་འཛིན་བྱེད་དགོས། རིག་གནས་ཀྱིས་གུང་གཞོན་ཚོགས་པའི་རིག་གནས་བྱ་བར་སྣེ་ཁྲིད་བྱེད་པ་འབུར་ཐོན་བྱེད་པ་དང་། ན་གཞོན་གྱི་རིག་གནས་བྱ་འགུལ་དང་གུང་གཞོན་ཚོགས་པའི་བསམ་བློ་དྲིལ་སྒྲོག་ཐོན་རྫས་ཅན་དུ་བསྒྱུར་བའི་འཐབ་ཇུས་རྒྱུན་མཐུད་ངང་སྤེལ་དགོས། སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།