ལིས་ཅེ་ཞང་གིས་མགོ་ལོག་དང་ཡུལ་ཤུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེནཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་སྔ་གཞུག་ཏུ་མགོ་ལོག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། ཁུལ་དེ་གཉིས་ཀྱི་རྨ་ཆུའི་ཆུ་བདག་ལམ་ལུགས་དངོས་འབེབས་བྱས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་བསྐྱིལ་ལས་དོན། དཔལ་འབྱོར་འཁོར་རྒྱུག་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་ཀྱི་ལམ་བུ་དང་འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ལམ་བུར་གོམ་པ་བརྟན་པོའི་ངང་བསྐྱོད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།