མཚོ་སྔོན་གྱི་སྣོད་བཅུད་ལས་གྲྭའི་ཡིག་ཚགས་དོ་དམ་གྱི་བརྙན་ཐུང《སྒྲོལ་མ་རྒྱལ》ཞེས་པར་རྒྱལ་ཡོངས་ཀྱི་དམིགས་བསལ་བྱ་དགའ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མདོ་ལ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས། ཞིང་ཆེན་ཡིག་ཚགས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པ་དང་བདམས་སྐྱེལ་བྱས་པའི་སྣོད་བཅུད་ལས་གྲྭའི་ཡིག་ཚགས་དོ་དམ་གྱི་བརྙན་ཐུང《སྒྲོལ་མ་རྒྱལ》ཞེས་པར་རྒྱལ་ཁབ་ཡིག་ཚགས་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་སྣོད་བཅུད་ལས་གྲྭའི་ཡིག་ཚགས་དོ་དམ་གྱི་བརྙན་ཐུང་བསྡུ་རུབ་བྱེད་སྒོའི་ཁྲོད་དམིགས་བསལ་བྱ་དགའ་ཐོབ་པ་རེད།

བརྙན་ཐུང་དེར་མཚོ་སྔོན་ཞིང་ཆེན་གྱི་ཉེ་བའི་ལོ་ཤས་རིང་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ཁྲོད་ཀྱི་ཡིག་ཚགས་དོ་དམ་གྱི་གཞི་རྩའི་བྱེད་ཐབས་དང་གཞི་རྩའི་ཉམས་མྱོང་གཅིག་སྡུད་ཐོག་མཚོན་ཡོད་པ་མ་ཟད། གཙང་གསུམ་ཆུ་འགོའི་བོད་རིགས་སྣོད་བཅུད་ཡིག་ཚགས་པ་སྒྲོལ་མ་རྒྱལ་ནི་སྔོན་ཆད་ཕྱུགས་འཚོ་མཁན་ལ་གསོ་སྦྱོང་བྱས་རྗེས་སྣོད་བཅུད་ཡིག་ཚགས་པར་གྱུར་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཀྱི་ཐོག་ནས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་ཀྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།