༄༅༎མཚོ་སྔོན་དུ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི་མི་འབོར་ལོ་གསུམ་ནང་ཁྲི་6.6ཉུང་དུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 12ཚེས་12ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོཌ་བྱུང་བར། ནད་གཞིས་རྐྱེན་པས་དབུལ་པོ་ཆཌ་པའི་མི་འབོར་2016ལོའི་ཁྲི་7.8ནས་མིག་སྔའི་ཁྲི་1.2བར་ཉུང་དུ་ཕྱིན་པ་དང་ལོ་གསུམ་ནང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པའི་མི་འབོར་ཁྲི་6.6ཉུང་དུ་ཕྱིན་ནས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཤིའུ་ཀྲུང་གིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གྱིས་ནད་གཞི་ཆེན་པོ་སྐྱོབ་བཅོས་བྱེད་པའི་ནད་རིགས་30བར་མང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ནད་གཞི་ཆེན་པོ་ཕོག་པའི་ནད་པ་ཁྲི་1.77གཅིག་སྡུད་སྐྱོབ་བཅོས་བྱས་ནས་སྐྱོབ་བཅོས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཤིང་། སྨན་བཅོས་ཀྱི་མཐིལ་འདེགས་འགན་ལེན་ལམ་སྲོལ་བཟོས་ནས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་སྡོད་སྨན་བཅོས་བྱེད་པའི་སྨན་རིན་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་ནད་གཞི་ཆེན་པོར་སྨན་རིན་རྩིས་ཞུ་བྱེད་ཚད་80%ནས་90%བར་མང་དུ་བཏང་བ་རེད།

ལོ་གསུམ་རིང་། མཚོ་སྔོན་གྱིས་ཁྱིམ་ཚང་སྨན་པ་དང་། གྲོང་ཚོའི་ལས་བྱེད་པ་དང་། ནད་པ་དབུལ་པོའི་དབར“ཕྱོགས་གཉིས་གན་འཇོག”གི་ཞབས་ཞུ་ཁྱབ་གདལ་བཏང་ནས་ཁྱིམ་ཚང་སྨན་པ་དང་ནད་པ་དབུལ་པོའི་དབར་གཅོང་ནད་སྨན་བཅོས་ཞབས་ཞུའི་གྲོས་མཐུན་བཞག་སྟེ་བདེ་ཐང་གི“སྒོ་སྲུང”ནུས་པ་འདོན་སྤེལ་བྱས་ཤིང་། གཞི་རྩའི་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། བདེ་ཐང་དོ་དམ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་ནད་ལྟ་བ་དང་སྨན་བཅོས་བྱེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། གྲོང་ཚོའི་ལས་བྱེད་པ་དང་ནད་པ་དབུལ་པོའི་དབར་སྨན་རིན་རྩིས་ཞུ་ཞབས་ཞུའི་གྲོས་མཐུན་བཞག་སྟེ་སྨན་རིན་རྩིས་ཞུའི་སྲིད་ཇུས་དང་དེ་བཞིན་དེའི་བརྒྱུད་རིམ་ཁ་གསལ་འགྲེལ་བཤད་བརྒྱབ་ནས་མང་ཚོགས་ལ་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་རྣམ་གྲངས་དང་མ་དངུལ་གྲངས་ཚང་ངང་ལོངས་སུ་སྤྱོད་རྒྱུའི་རོགས་རམ་བྱས་ནས་སྲིད་ཇུས་འགན་ལེན་གྱི“སྣེ་འདྲེན་པའི”ནུས་པ་འདོན་སྤེལ་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་གཅོང་ནད་ཕོག་པའི་མི་འབོར་དབུལ་པོ་ཁྲི་4.97གྱི་ནང་ནས་མི་ཁྲི་4.96“ཕྱོགས་གཉིས་གན་འཇོག”ལ་ཞུགས་ཏེ་གན་འཇོག་ནང་ཞུགས་དགོས་རིགས་ཚང་མ་ཞུགས་པ་དང་གན་རྒྱ་ལག་བསྟར་བྱེད་ཚད་90%ཡན་ཟིན་ཡོད་པ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།