ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། མིག་སྔའི་དཔལ་འབྱོར་གནས་བབ་ཐད་ལྟ་སྟངས་ཅི་འདྲ་འཛིན་པ་དང་སང་ལོའི་དཔལ་འབྱོར་བྱ་བ་ཅི་ལྟར་བསྒྲུབ་པའི་ཐད་ནས་གསལ་བཤད་གསལ་བོ་བྱས་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཆེ་ཕྱོགས་འགོ་ཁྲིད་མངོན་པར་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཚན་རིག་གི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་སྤྱིའི་རེ་བ་དང་སྔོན་དཔག་དམིགས་འབེན། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་བྱ་བར་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ། གསུང་བཤད་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་ཕྱོགས་གཅིག་ཏུ་བསྒྲིལ་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བརྩོན་སེམས་ཆེར་བསྐྱེད་དེ། ནམ་ཡང་དཔལ་འབྱོར་བྱ་བའི་རང་འགུལ་དབང་ཆ་ལག་ཏུ་འཛིན་དགོས་ཟེར།
ཚོགས་ཐོག་ནས། ཀྲུང་གོའི་དཔལ་འབྱོར་ཐད་ནས་གྲུབ་འབྲས་བཟང་བོ་ལེན་ཐུབ་པའི་གནད་འགག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཛམ་གླིང་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱས་ལ། དཔལ་འབྱོར་འཁོར་རྒྱུག་གི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་པ་མ་ཟད། རིགས་མི་འདྲ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་བཟང་བོ་འཇལ་བར་ཐུག་ཡོད་པ་དང་། ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་གྲོས་ཆེན་པོར་བརྟེན་ནས་དཔལ་འབྱོར་བྱ་བར་སྐུལ་འདེད་བཟང་བོ་བྱས་པ་དང་། འཛམ་གླིང་གི་མིག་རྒྱ་དང་འཐབ་ཇུས་བསམ་བློར་བརྟེན་ནས་དཔལ་འབྱོར་བྱ་བར་འཆར་འགོད་ནན་མོ་བྱས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུང་ཚང་དུ་གཏོང་བར་བརྟེན་ནས་དཔལ་འབྱོར་བྱ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཞིབ་འཇུག་ཁོང་དུ་ཆུད་པར་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་ཁྲོད་སྲིད་ཇུས་འཚོལ་བ་དང་སྲིད་ཇུས་ཁྲོད་གོ་སྐབས་བཙལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། དཔལ་འབྱོར་བྱ་བའི་ཆོས་ཉིད་ལྟར་གནད་དོན་ལ་བསམ་གཞིགས་གཏོང་བ་དང་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་གི་རེ་བ་དང་མཚོ་སྔོན་བྱ་བའི་ཐད་ཀྱི་ཟུང་འབྲེལ་བྱེད་ས་བཙལ་ནས། ཀྲུང་དབྱང་གི་དགོངས་དོན་མཚོ་སྔོན་ཅན་དང་བྱེ་བྲག་ཅན། ལག་ལེན་ཅན་དུ་བསྒྱུར་བར་ཁག་ཐེག་བྱེད་དགོས། ལོ་མཇུག་གི་སྤྱི་སྡོམ་ལ་ཟུང་འབྲེལ་བྱས་ནས་བྱ་བ་སྣ་ཚོགས་ལ་འཆར་འགོད་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བཟང་བོ་བྱས་ཏེ། ད་ལོའི་བྱ་བའི་མཇུག་བཟང་བོ་བསྡུ་བ་དང་སང་ལོའི་བྱ་བའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།