ཡན་ཅིན་ཧའེ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་ཤར་རྒྱུད་ཐན་སྐྱོན་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་ཀྲུང་པཱ་ཞང་དང་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་མེན་ཞང་། ཁྲོན་ཁུག་གྲོང་རྡལ་ཐའོ་ལིན་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་ཁུལ་བཅས་སུ་སོང་ནས་ཤར་རྒྱུད་ཐན་སྐྱོན་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

ཡན་ཅིན་ཧའེ་ཡིས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དབུལ་བོ་དབུལ་ནག་མེད་པར་བྱེད་པའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དམིགས་བསལ་དཀའ་ཁག་མང་ཚོགས་ལ་དམིགས་ནས། དམིགས་འབེན་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཞིང་སྡེ་དར་སྤེལ་དང་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཞན་ཆ་ཁ་གསབ་བྱས་ཏེ། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་འབུར་ཐོན་གནད་དོན་ཐག་གཅོད་དགོས། དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དབུལ་ཐར་ལ་ཤུགས་སྣོན་པ། གཏན་འཇགས་ངང་དབུལ་ཐར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།